| | e-texts navigator
|
258a1 ཡོན་ཏན་བརྗོད་པ་ཇི་སྐད་དུ་གསན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ལས་ནི་ཉི་མ་དང་ཟླ་བ་བྱུང་། དཔྲལ་བ་ལྔས་དབང་ཕྱུག་ཆེན་པོ་། ཕྲག་པ
258a2 ལས་ནི་ཚངས་པ། སྙིང་ལས་ནི་མཐུ་བོ་ཆེ། མཆེ་བ་གཉིས་ལས་ནི་ལྷ་མོ་དབྱངས་ཅན། ཁ་ནས་ནི་རླུང་ལས་སྐྱེས་པ་རྣམས་འབྱུང་། རྐང་པ་ལས་ནི་ས། ལྷོ་ལས་ནི་ཆུ་ལྷ་འབྱུང་སྟེ།
258a3 གང་གི་ཚེ་སྤྱན་རས་གཟིགས་ཀྱི་དབང་པོའི་ལུས་ལས་ལྷ་དེ་དག་བྱུང་བ་དེའི་ཚེ། བཅོམ་ལྡན་འདས་ཀྱིས། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསུངས་ཏེ། དབང་ཕྱུག
258a4 ཆེན་པོ་ཁྱོད་དུས་ངན་པའི་ཚེ། སེམས་ཅན་གྱི་ཁམས་མ་རུང་བ་དགེག་བྱུང་བ་ན། ཁྱོད་ཐོག་མར་བྱེད་པ་པོ་དང་། གཏོང་བ་པོའི་ལྷར་གྲགས་པར་འགྱུར་རོ།། སེམས་ཅན་དེ་དག་ནི་བྱེད
258a5 ཆུབ་ཀྱི་ལམ་ཡོངས་སུ་གྲང་བར་འགྱུར་རོ།། སོ་སོའི་སྐྱེ་བོའི་ནང་དུ་གཽཏམ་བྱེད་པར་འགྱུར་ཏེ། ནམ་མཁའ་ནི་དེའི་རྟགས་སྔོ།། ས་ནི་དེའི་ཁྲིའུའོ།། སེམས་ཅན་ཐམས་ཅད་ཀྱིན
258a6 གནས་སོ།། ཞུ་བར་འགྱུར་བས་མི་རྟགས་སོ་ཞེས་ཟེར་བར་འགྱུར་རོ་ཞེས། རིགས་ཀྱི་བུངས་དེ་བཞིན་གཤེགས་པ་རྣམ་གཟིགས་ལས་དེ་སྐད་ཐོས་སོ།། དེའང་འདས་ནས།
258a7 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ལྡན་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
iiif viewer powered by OpenSeadragon
257b - 258b