| | e-texts navigator
|
256b1 དེའི་ཚེ། ཡཱི་དགས་ཀྱི་གྲོང་ཁྱེར་དེ་བསལ་བར་འགྱུར།། རྡོ་རྗེའི་སེར་བ་དེའང་རབ་ཏུ་ཞི་བར་འགྱུར་རོ།། སྒོ་བ་དེའང་བྱིན་པ་ཐག་ཐུག་ཅན་ལ་མིག་དམར་ཞིང་ལག་ན་འཁར་བ་རྫོགས་པ།།
256b2 ལས་ཀྱིས་འདི་འདྲ་བ་ནི་བདག་གི་བྱ་བ་མ་ཡིན་ནོ་ཞེས་བྱམས་པའི་སེམས་བསྐྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཕྱག་གི་སོར་མ
256b3 བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་། ཞབས་ཀྱི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཤིན་ཏུ་ཐུགས་བརྩེ་བའི།
256b4 ཟིལ་གྱིས་ནོན་ནས། བ་སྤུའི་ཁུང་བུ་ནས་ཆུ་བོ་བྱུང་ངོ་།། གང་གི་ཚེ་ན་དེ་དག་གིས་ཆུ་མྱོང་བ་དེའི་ཚེ། དེ་དག་མགྲིན་པ་ཡངས་པར་གྱུར། ལུས་ཀྱང་ཡོངས་སུ་རྫོགས་པར་གྱུར། ལྷའི་ཟས།།
256b5 རོའི་ནང་ན་རོ་མཆོག་ཏུ་བྱུང་བ་དང་ལྡན་པས་ཚིམ་པར་གྱུར་ནས། དེའི་ཚེ་འཁོར་བའི་བསམ་པ་ལས་སམས་ཏེ། ཀྱེ་མའོ་འཛམ་བུའི་གླིང་གི་མི་འདི་དག་ནི་གྲིབ་མ་བསིལ་བ་ལ་ཡོངས་སུ
256b6 རྟེན་ཏོ།། གང་འཛམ་བུའི་གླིང་གི་མི་དག་ནི་རྟག་ཏུ་ཕ་དང་མ་ལ་ཡོངས་སུ་འཛིན་ཅིང་། བསྙེན་བཀུར་བྱེད་དེ་བདེ་བ་དང་ལྡན་པའོ།། གང་རྟག་ཏུ་དགེ་བའི་བཤེས་གཉེན་དང་བསྟེན་ཅིང་སྐྱོང
256b7 བའི་སྐྱེས་བུ་དམ་པ་དེ་དག་ནི་བདེ་བ་དང་ལྡན་པའོ།། གང་རྟག་ཏུ་ཐེག་པ་ཆེན་པོ་རྟག་ཏུ་ཁོང་དུ་ཆུད་པར་བྱེད་པའི་སྐྱེས་བུ་དམ་པ་དེ་དག་ནི་བསམ་པ་དང་ལྡན་པའོ།། གང་འཕགས
iiif viewer powered by OpenSeadragon
256a - 257a