| | e-texts navigator
|
256a1 ཟབ་ཅིང་བསྟན་པར་མཛད་པ། རིག་པའི་བདག་པོ་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་མཛད་པ་ཤཱ་བྱང་ཆུབ་ཀྱི་ལམ་སྣ་ཚོགས་ཉེ་བར་རབསག
256a2 པ་ཐར་པའི་ལམ་དུམ་པ་ལ་ཞུགས་པ། སྐུ་ལ་བྱང་ཆུབ་ཀྱི་ལམ་བསགས་པ། ཡི་དགས་ཡོངས་སུ་ཐར་པར་མཛད་པ། ཏིང་ངེ་འཛིན་རྡུལ་ཕྲ་རབ་ལྟ་བུ་བརྒྱ་སྟོང་དང་ལྡན་པ་ལ
256a3 ཕྱག་འཚལ་ལོ།། ཞེས་དེ་ལྟར་གཤིན་རྗེའི་རྒྱལ་པོས་ཁྱད་པར་དམ་པའི་བསྟོད་པས་བསྟོད་ནས། སླར་ཡང་གཤིན་རྗེའི་རྒྱལ་པོས་ལན་གསུམ་བསྐོར་ཏེ། དེ་ཉིད་ནས
256a4 སོང་ངོ་།། དེ་ནས་བཅོམ་ལྡན་འདས་ལབྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ
256a5 སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མཆི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ
256a6 ནཱས་བྱུང་སྟེ། ཡི་དགོས་ཀྱི་གྲོང་ཁྱེར་དུ་སོང་ནས། མགུལ་ཤིང་ལྟེ་བུ་དང་། ཀེང་རུས་བསྒྲེང་བ་དང་། བདག་གི་སྐྲ་དང་སྤུས་ཡོག་པ་དང་། ལྷོ་རི་དང་འདྲ་བ་དང་། ཁ་ཁབ
256a7 ཀྱི་མིགོ་ལྟ་བུའི་ཡི་དགས་བརྒྱ་སྟོང་དུ་མ་མདུན་ནས་རྒྱུག་གོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནམ་ཡི་དགས་ཀྱི་གྲོང་ཁྱེར་དུ་སོང་བ
iiif viewer powered by OpenSeadragon
255b - 256b