| | e-texts navigator
|
254a1 ཀ་རུ་འམ་ནཱ་གུ་གྱེན་དུ་མཆི་ནའང་གྲལ་བ་དང་སྨིན་པར་འགྱུར། ཐུར་དུ་མཆི་ནའང་གླལ་བ་དང་སྨིན་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དེ་དག་ཀྱང་མནར་མ།
254a2 མཆིས་པའི་སེམས་ཅན་དམྱལ་བ་ཆེན་པོ་དེར་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས
254a3 ཀྱི་དབང་པོ་མནར་མ་མཆིས་པའི་སེམས་ཅན་དམྱལ་བ་ཆེན་པོར་འཇུག་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ། རིགས་ཀྱི་བུ་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷའི
254a4 ནོར་བུ་རིན་པོ་ཆེ་ལས་བྱས་པའི་སྐྱེད་མོས་ཚུལ་དུ་འཇུག་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའང་མེ་ནར་མེད་པའི་སེམས
254a5 ཅན་དམྱལ་བ་ཆེན་པོར་འཇུག་མོད་ཀྱི། དེའི་ལུས་ལ་གཞན་དུ་འགྱུར་བ་མེད་དོ།། ནམ་མ་ནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་ཉེ་བར་འགྲོ་བ་དེའི་ཚེ། མནར་མེད་པའི་སེམས
254a6 ཅན་དམྱལ་བ་ཆེན་པོ་དེ་བསིལ་བར་འགྱུར་ཏེ། དེའི་ཚེ་གཤིན་རྗེའི་མི་དེ་དག་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཅི་མི་དགེ་བའི་ལྟས་ཤིག་བྱུང་ན། ནམ་བྱང་ཆུབ་སེམས་དཔའ
254a7 སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོངས་པ་དེའི་ཚེ། མེ་ཏོག་པདྨ་ཤིང་རྟའི་འཁོར་ལོ་ཙམ་བྱུང་ཞིང་། སྣོད་དེའང་གསལ། མེའི་འོབས་དེ་ཉིད་དུའང་རྫིང་བུ་བྱུང
iiif viewer powered by OpenSeadragon
253b - 254b