e-texts navigator
Collection
Volume
Page
Wylie

253a1 རྫ་ལྡིང་དང་། དཔུང་རྒྱན་དང་། ཆུང་ངུའི་གངྒཱ་བུ་བརྒྱ་སྟོང་རག་ཏུ་འབྱུང་བ་དག་དང་། ཕྱི་རོལ་ནི་རིན་པོ་ཆེའི་གདུ་བུ་སྐྱེད་རིན་པོ་ཆེ་ལས་བྱས་པ་དེས་འབྱུ་བའི་ཤི
253a2 དཔག་བསམ་གྱི་ཤིང་དེ་ལྟ་བུ་དག་ཀྱང་བྱུང་ངོ་།། འཛྲེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ་ཉིད་མས་སྐས་དག་ཀྱང་རྡོ་རྗེ་ལུས་བྱས་པར་སྣང་ངོ་།། སྒོ་རྒྱུ་བ་ན་མུ་ཏིག་དང་དར་གྱི་ཚོགས་ར
253a3 ཏུ་སྦྱངས་སོ།། རྫིང་བུ་དུ་མ་དག་ཀྱང་བྱུང་སྟེ། ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་། ལ་ལ་ནི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དགྲ་འདི་ལྟ་སྟེ།
253a4 མེ་ཏོག་ཨུཏྤལ་དང་། པདྨོ་དང་། ཀུ་མུ་ད་དང་། པུཎྜ་རི་ཀ་དང་། མན་དཱ་ར་བ་དང་། མན་ད་ར་བ་ཆེན་པོ་དང་། ཨུ་དུ་མཱ་ར་དག་གཱི་སྭ་ཡོངས་སུ་གང་ངོ་།། གཝཱན་ཡང་ཤིང་གི་མེ
253a5 ཏོག་རྣམ་པ་སྣ་ཚོགས་སྐྱེ་བོ་འདི་ལྟ་སྟེ། མེ་ཏོག་ཙམོ་པ་ཀ་དང་། ཀ་ར་བི་ར་དང་། པཱ་ཊ་ལ་དང་། ཨ་ཏི་མུཀྵ་ཀ་དང་། དབྱར་གྱི་དྲི་དང་། གཞན་ཡང་ཤིང་གི་མེ་ཏོག་ཡིད་དགའ
253a6 བདག་ཀྱང་འབྱུང་སྟེ། འཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ་ཡོངས་སུ་མཛེས་པར་བྱས་པ་ཉིད་དུ་སྣང་ངོ་།། དེ་ནས་འཁོར་དེ་ཉིད་ཀྱི་ནང་དུ་བྱང་ཆུབ་སེམས་དཔའ་སྒྲིབ
253a7 པ་ཐམས་ཅད་རྣམ་པར་སེལ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པོ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོག




iiif viewer powered by OpenSeadragon

252b - 253b

Texts on this page

Ty041-015 - 'phags pa za ma tog bkod pa zhes bya ba theg pa chen po'i mdo