| | e-texts navigator
|
252b1 སོགས་པ་མིའམ་ཅིའི་བུ་མོ་བརྒྱ་ཕྲག་དུ་མ་དག་ཚོགས་སོ།། དགེ་བསྙེན་པ་དང་། དགེ་བསྙེན་མ་བརྒྱ་ཕྲག་དུ་མ་དག་ཚོགས་སོ།། མུར་འདུག་སྤྱོད་པ་དང་།
252b2 ཀུན་ཏུ་རྒྱུ་བ་དང་། གཅེར་བུ་པ་བརྒྱ་ཕྲག་དུ་མ་དག་ཀྱང་ཚོགས་ཏེ། གང་གི་ཚེ་ན་འདུས་པ་དེའི་ཚེ་སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་འོད་ཟེར་བྱུང་ངོ་།། བྱུང་ནས་འཛེ་ཏ
252b3 ཚལ་གྱི་གཙུག་ལག་ཁང་དུ་སོང་བ་དང་། དེ་དག་གིས་གཙུག་ལག་ཁང་དེ་ཡོངས་སུ་མཛེས་པར་སྟང་སྟེ། ཀ་བ་ནི་ལྷའི་ནོར་བུ་རིན་པོ་ཆེས་བརྒྱན་པར་སྣང་ངོ་།། རྩིག་པ་བརྒྱ
252b4 དག་ཀྱང་གསེར་གྱིས་མཛེས་པར་བྱས་པར་སྣང་ངོ་།། གནས་ཁང་སོ་སོ་དྲག་ན་ནི་གསེར་དངུལ་ལས་བྱས་པའི་སྒོ་དག་སྣང་ངོ་།། གནས་ཁང་སོ་སོ་ནས་སྐས་གསེར་དང་དངུལ
252b5 ལས་བྱས་པ་དག་ཀྱང་སྣང་ངོ་།། དངུལ་གྱི་ཁང་པ་དག་ནི་གསེར་གྱི་ཀ་བ་རིན་པོ་ཆེས་བརྒྱན། གསེར་གྱི་ཁང་པ་དག་ན་རི་དངུལ་གྱི་ཀ་བ་རིན་པོ་ཆེས་བརྒྱན་པ་དང་། འཛེ་ཏའི་ཚལ་གྱི
252b6 ཕྱི་རོལ་ན་ཤིང་དཔག་བསམ་རྣམ་པ་སྣ་ཚོགས་དག་སྣང་སྟེ། གསེར་གྱི་སྡོང་པོ་དང་། དངུལ་གྱི་ལོ་མ་དང་། རྒྱན་རྣམ་པ་སྣ་ཚོགས་རབ་ཏུ་འཕྱང་བ་དག་དང་། ཡུལ་ཀ་ཤི་ཀ་ནས
252b7 བྱུང་བའི་གོས་རབ་ཏུ་འཕྱང་བ་དག་དང་། རྒྱའི་གོས་བརྒྱ་རབ་ཏུ་འཕྱང་བ་དག་དང་། མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རབ་ཏུ་འཕྱང་བ་དག་དང་། ཙོད་པན་དང་། རྣ་ཆ་དང་། འཕྲེང་བའི
iiif viewer powered by OpenSeadragon
252a - 253a