| | e-texts navigator
|
8b1 སྦྱོར་བ་ལྟ་སྨོས་ཀྱང་ཅི་དགོས། ཟ་ན་རྨི་ལམ་གྱི་ནང་ན་ཡང་མི་དགེ་བའི་བཤེས་གཉེན་བསྟེན་པར་མི་བྱ་བ་དང་། བྱཱ་དང་འདྲ་བའི་སེམས་ཀྱིས་ཡོངས་སྨྲ་འཛིན་པ་མེད
8b2 བོར་བྱ་བྱ་དང་། ཐབས་དང་ཤེས་རབ་ལ་མཁས་བྱས་ང་རྒྱལ་དང་ངར་འཛིན་པ་མེད་པར་བྱ་བ་དང་། དངོས་པོ་དྲང་དངོས་པོ་མེད་པ་ལངས་ནས།། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ
8b3 བརྟན་པོ་དང་ལྡན་པར་བྱ་བ་དང་། ཡང་དག་པའི་བདྲེན་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་ཤེས་པས་སྒྱུ་མ་དང་རྨི་ལམ་དང་འདྲ་བའི་འཁོར་བ་ལ་མངོན་པར་དགའ་བར་བྱ་བ་མ
8b4 ཡིན་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་གདབ་པར་མི་བྱ་སྟེ། རིགས་ཀྱི་བུ་སེམས་བསྐྱེད་མ་ཐུག་པའི་བྱང་ཆུབ་སེམས་དཔས་ཆོས་བདུན་པོ་དེ་ལ་བསླབ་པར་བྱའོ།། བཅོམ
8b5 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་ཡི།།
8b6 རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྐྱོན་རས་གཟིགས་དབང་ཕྱུག་གིས་ཞུས་པ། ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
8b7 རྫོགས་སོ།། རྒྱ་གར་གྱི་མཁན་པོ་དཱི་པང་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
iiif viewer powered by OpenSeadragon
8a - 9a