| | e-texts navigator
|
8a1 ཞུས་པ་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོབ་པ
8a2 དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སོང་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ
8a3 པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས། བླ་གོས
8a4 ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་པདྨའི་ལྟེ་བ་ལ་བཙུགས་ཏེ། བཅོམ་ལྡན་འདྲས་ག་ན་བ་དེར་ཐལ་མོ་སྦྱར་བ་བཏུད་དོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས
8a5 གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔེས་ཆོས་དུ་ཞིག་ལ་བསླབ་པར་བགྱི།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས
8a6 ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི
8a7 བྱང་ཆུབ་སེམས་དཔས་ཆོས་བདུན་ལ་བསླབ་པར་བྱ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་བསྟེན་པར་མི་བྱ་ན། དབང་པོ་གཉིས་ཀྱིས
iiif viewer powered by OpenSeadragon
7b - 8b