e-texts navigator
Collection
Volume
Page
Wylie

7b1 ཆོས་སྟོང་པ་སོ་སོར་བརྟག་པ་མང་དུ་བྱའོ།། ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམས་པར་བྱའོ།། ལྷ་དང་།
7b2 མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱའོ།། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས། སྟོང་པའི་ཆོས་ལ་མངོན
7b3 བར་དགའ་བར་བྱའོ།། ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང
7b4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བློ་གྲོས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅུས
7b5 པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རྒྱལ་བའི་བློ་གྲོས་ཀྱིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
7b6 རྫོགས་སོ།། ཨོཾ་ཡེ་དྷཱརྨྨ་ཧེ་ཏུ་པྲཱ་བྷཱ་ཝ་ཧེ་ཏན་ཏེཥྛ་ན་ཏ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སཱསྫ།
7b7 རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་པ་རི་བྲིཙྪ། སཔ་ཏ་དྷརྨ་ཀ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས




iiif viewer powered by OpenSeadragon

7a - 8a

Texts on this page

Ty040-004 - 'phags pa spyan ras gzigs dbang phyug gis zhus pa chos bdun pa zhes bya ba theg pa chen po'i mdo
Ty040-003 - 'phags pa rgyal ba'i blo gros zhes bya ba theg pa chen po'i mdo