e-texts navigator
Collection
Volume
Page
Wylie

7a1 ཡོད་ན།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་པས་སྦྱིན་གྱི་གན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེདྡྷས་རླུང་ཏུ
7a2 མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་རིགས་ཀྱི
7a3 བུའམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། ཤེས་རབ་འདོད་པས་ཐོས་པ་ལ་བརྩོན་པར་བྱའོ།། མཐོ་རིས་འདོད་པས་ཚུལ་ཁྲིམ
7a4 བསྲུང་བར་བྱའོ།། ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱའོ།། གཟུགས་བཟང་བ་འདོད་པས་བཟོད་པ་བསྒོམ་པར་བྱའོ།། སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ།།
7a5 གཟུགས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ།། ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་བྱའོ།། ཐར་པ་འདོད་པས་སྡིག་པ་ཐམས་ཅད་ཡོངས་སུ
7a6 སྤང་བར་བྱའོ།། སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། སྐད་སྙན་པ་འདོད་པས་བདེན་པར་སྨྲ་བར་བྱའོ།། ཡོན་ཏན་འདོད་པས
7a7 རབ་ཏུ་དབེན་པ་ལ་དགའ་བར་བྱའོ།། ཆོས་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ།། ཞི་གནས་འདོད་པས་འདུ་འཛི་མེད་པ་མང་དུ་བྱའོ།། ལྷག་མཐོང་འདོད་པས




iiif viewer powered by OpenSeadragon

6b - 7b

Texts on this page

Ty040-004 - 'phags pa spyan ras gzigs dbang phyug gis zhus pa chos bdun pa zhes bya ba theg pa chen po'i mdo
Ty040-003 - 'phags pa rgyal ba'i blo gros zhes bya ba theg pa chen po'i mdo