e-texts navigator
Collection
Volume
Page
Wylie

6b1 པར་གྱུར་པ་དེས། བྱིན་ས་མྱ་ངན་འདས་པ་ཐོབ་སྙམ་མས།། རྩཝ་དང་ན་རྡུམ་ལ་སོགས་གང་ཡིན་པ།། དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར།། རྣ་བས་མ་ཐོས་མིག་ལྔར་མ་མཐོང
6b2 བཞིམ།། བསྟན་བཟུང་མི་དེ་མཐོ་རིས་འགྲོ་བར་འགྱུར།། ཐོས་མང་ཐོས་ལྡན་ཐོས་བཟུང་མཐོ་རིས་ཉིད།། བུད་མེད་བསྙེན་དུ་ག་ལ་རུང་།། རྒྱལ་པོའི་ཕོ་བྲང་ག་ལ་དགའ།། དབུ་བ
6b3 སྙིང་པོ་ག་ལ་ཡོད།། ལོངས་སྤྱོད་རྟག་པ་ག་ལ་ཡིན།། བུད་མེད་དག་ལ་རུང་བ་མེད།། རྒྱལ་སྲིད་དག་ལ་དགའ་བ་མེད།། དབུ་བ་དག་ལ་སྙིང་པོ་མེད།། ལོངས་སྤྱོད་དག་ལ
6b4 རྟག་པ་མེད།། ལོངས་སྤྱོད་དག་ནི་འབབ་ཆུ་བཞིན།། གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ།། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན།། སྲོག་ནི་ཆུ་བུར་འདྲ་བ་ཡིན།། བཅོམ་ལྡན་འདས་ཀྱིས་དེ
6b5 སྐད་ཅེས་བཀའ་སྩལ་ནོས།། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་རྫོགས
6b6 སོ་@རྒྱ་གར་སྐད་དུ། ཨཱརྱ་ཛ་ཡ་མ་ཏིར་ནཱ་མ་མ་ཧཱ་ཡ་ནཱ་སྥུ་ཏྲ། བེདྨ་སྐད་དུ། འཕགས་པ་རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ་ཞེས
6b7 བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་ཞིད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན




iiif viewer powered by OpenSeadragon

6a - 7a

Texts on this page

Ty040-004 - 'phags pa spyan ras gzigs dbang phyug gis zhus pa chos bdun pa zhes bya ba theg pa chen po'i mdo
Ty040-002 - tshul khrims yang dag par ldan pa'i mdo
Ty040-003 - 'phags pa rgyal ba'i blo gros zhes bya ba theg pa chen po'i mdo