e-texts navigator
Collection
Volume
Page
Wylie

48a1 བ་ག་ལ་བ་དང་། འཛམ་བུའི་གླིང་ག་ལ་བ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། འོད་མའི་ཚལ་བྱ་ཀ་ལན་ཏ་ཀྭའི་གནས་ག་ལ་བ་དང་། བཅོམ་ལྡན།
48a2 འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
48a3 པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ཀྱིས་གནང་ནས། དེ་དག་ཐམས་ཅད་རིན་པོ་ཆེ་སྣ་ཚོག
48a4 ཀྱི་པདྨ་ཆེན་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། དགེ་སློང་གང་དག་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པཔ
48a5 འམབྱང་ཆུབ་སེམས་དཔའི་ཐེག་པ་པ་ལྔ་གནས་པ་ཡུལ་སོ་སོར་རྒྱུ་ཞིང་དོང་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱ་རྒོད་ཕུང་པོའི་རི་ག་ལ་བ་དང་།
48a6 བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྤགས་ན་ས། བཅོམ་ལྡན་འདས་གང་དུ་ཡང་མ་མཐོང་ངོ་།། མ་མཐོང་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ།། འདི་ལྟར་དེ་བཞིན་གཤེགས་པའི
48a7 ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདིའི་གཟི་བརྗིད་ཀྱི་མཐུས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་གནས་སུ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་བྱང




iiif viewer powered by OpenSeadragon

47b - 48b

Texts on this page

Ty040-007 - 'phags pa de bzhin gshegs pa'i ye shes kyi phyag rgya'i ting nge 'dzind zhes bya ba theg pa chen po'i mdo