e-texts navigator
Collection
Volume
Page
Wylie

46b1 ཤཱིང་རྟའི་འཕང་ལོ་ཙཱམ་གྱི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་ཆེན་པོ་འདབ་མ་བརྒྱ་སྟོང་ཡོད་པ། དྲི་རབ་ཏུ་ཞིམ་ཞིང་ཡིད་དུ་འོང་བས་ཀུན་གང་བར་གྱུར་ཏོ།། སྟེང་གི་བར་སྣང་ལས་ཀྱང་རིན་པོ
46b2 ཚེཆེའི་དྲུ་བའི་གདུགས་ཀྱིས་གཡོགས་ཤིང་བརྒྱན་ཏོ།། ཡུལ་མ་ག་དྷཱ་ཐམས་ཅད་ཀྱང་། གོས་ཀ་ཙ་ལི་ན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ།། དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གདྷཱའི
46b3 ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་གཅིག་གིས་ཐོབས་ཚད་མེད་གྲངས་མེད་དཔག་ཏུ་མེད།
46b4 བ་བརྒྱ་སྟོང་རྣམས་ཀྱང་། སོ་སོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྐུལ་ཏེ། རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེ་ང་ཞིག། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ
46b5 པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་གཟུངས་ཀྱི་སྒོ
46b6 དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། རིགས་ཀྱི་བུ་དག་ཏིང་ངེ་འཛིན་དེ་ཐོབ་པ་ཙམ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཅེས།
46b7 སྤྲས་བྱེད་པར་འགྱུར་ཏེ། ཐབས་མཁས་པ་མེད་པར་བསྐལ་པ་བརྒྱ་སྟོང་དུ་མར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་དེ་མ་ཡིན་གྱིས། ཏིང་ངེ་འཛིན་ད་ཉན་དུ་དེང་ཞིག། དེ་ནས་བྱང་ཆུབ




iiif viewer powered by OpenSeadragon

46a - 47a

Texts on this page

Ty040-007 - 'phags pa de bzhin gshegs pa'i ye shes kyi phyag rgya'i ting nge 'dzind zhes bya ba theg pa chen po'i mdo