| | e-texts navigator
|
45b1 རློམ་པ་མེད་པ། ཡོངས་སུ་གྲུབ་པ་མེད་པ། མབྱུང་བ། ཀུན་ཏུ་མ་བྱུང་བ། རབ་ཏུ་ཆུ་བ་མེད་པ། ཡང་དག་པར་རྒྱུ་བ་མེད་པ། ཤིན་ཏུ་སྟོང་བ། འདྲེ་བ་མེད་པ། ཆོས་ཐམས་ཅད་ལ་བློ་བཏགས།
45b2 པབམེད་པ་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་གཟུངས་ཀྱི་སྒོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ
45b3 ལ་སྙོམས་པར་ཞུགས་མ་ཐག་ཏུ། བཅོམ་ལྡན་འདས་ཀྱི་སུ་ཡང་མི་སྣང་། སྐུའི་མཚན་མ་ཡང་མི་སྣང་། སེམས་དང་སེམས་ཀྱི་མཚན་མ་ཡང་མི་སྣང་། ན་བཟའ་དང་ན་བཟའི་མཚན་མ་ཡང་མི
45b4 སྣང་གདན་དང་གདན་གྱི་མཚན་མ་ཡང་མི་སྣང་། གཟིམས་པ་དང་གཟིམས་པའི་མཚན་མ་ཡང་མི་སྣང་། འཆག་པ་དང་འཆག་པའི་མཚན་མ་ཡང་མི་སྣང་། བཞེངས་པ་དང་བཞེངས་པའི་མཚན
45b5 མ་ཡང་མི་སྣང་། གནས་པ་དང་གནས་པའི་མཚན་མ་ཡང་མི་སྣང་།། གྲིབ་མའི་དབྱིབས་དང་གྲིབ་མའི་དབྱིབས་ཀྱི་མཚན་མ་ཡང་མི་སྣང་། བཞུགས་པ་དྨ་བི་ཞུགས་པའི་མཚན་མ་ཡང་མི་སྣང
45b6 སྒྲ་དང་སྒྲའི་མཚན་མ་ཡང་མི་འགྲོག་གོ།། དེ་ནས་ཏིང་ངེ་འཛིན་དེའི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས
45b7 ཁྱབ་པར་གྱུར་ནས། འདི་ལྟ་བུའི་འོད་ཀྱིས་སྣང་བར་བྱས་ཏེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། ཟླ་བའི་འོད་ཀྱང་མི་སྣང་། ཉི་ས་དང་། སྐར་མཔ
iiif viewer powered by OpenSeadragon
45a - 46a