e-texts navigator
Collection
Volume
Page
Wylie

43b1 ཀྱི་བྱམས་པའི་ཐུགས་རྗེས་བདག་ལ་དགྲོལ་བཤད་པར་སྨོན་ཏོ།། སངས་རྒྱས་ཀྱི་ས་གསུངས་པ། ཕོ་དགེ་བ་ཆོས་ཀྱི་ཡི་གེ་འདིའི་མིང་དེ་བསམ་གྱིས་མི་ཁྱབ་སྟེ། སྔ་མ་འདས
43b2 བའི་སངས་རྒྱས་རྣམས་ཀྱིས་འོང་བར་དགོངས་པས། ཡང་དག་པར་གཤེགས་པའི་ཡེ་ཤེས་ཀྱི་མཚེར་ཆུད་པར་གསུངས་སོ།། སེམས་ཅན་ལ་ལ་ཞིག་གིས་ཆོས་ཀྱི་ཡི་གེ་འདི་གཟུང
43b3 སུ་འཛིན་པ་གཅིག་ཡོད་ན། ཆོས་ཀྱི་ཡི་གེ་ཐམས་ཅུད་ལྔ་ཅི་ཡང་རེ་ཞིང་བཙལ་བ་མེད། ཆོས་ཀྱི་ཡིགེ་འདྲིས་ནི་ཆོ་ས་ཀུན་གྱི་མདོ་བ་ཏུ་ས་ཏེ། ཆོས་སོ་ཅོག་གི་ཅེས་པ་བརྫུས་སོ།། ཆོས
43b4 ཀྱི་ཡི་གེ་རྣམས་ཀྱི་ཕྱི་མོའི་བསམ་པ་སྟེ། ཆོས་ཀྱི་ཡི་གེའི་མིང་ནི་ཐེག་པ་ཆེན་པོ་བསྡུས་པའོ།། ཡང་མིང་རྡོ་རྗེའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ།། ཡང་མིང་དཔག་ཏུ་མེད་པའི་གསུང་གི་ཕྱི་མོ་ཞེས
43b5 ཀྱང་སྟེ། མི་ལ་ལ་ཞིག་གིས་ཆོས་ཀྱི་ཡི་གེ་འདིར་མནོས་ཏེ་གཟུངས་སུ་འཛིན་པ་ཞིག་ཡོད་ན། དེ་བརྒྱ་སྟོང་གིས་སངས་རྒྱས་གཟུངས་སུ་འཛིན་པ་སྟེ། དེ་ལྟ་བུའི་ལེགས་པའི་དོན་ནི་དཔེར
43b6 ནམ་མཁའ་དང་མཚུངས། མུ་མཐའ་མེད་དེ། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་ཡི་གེ་འདི་གཏམས་བཅོལ་ཏོ།། དགའ་བོས་གསོལ་པ་ཀ་ཇི་ལྟ་བུའི་སེམས་སྤྱོད་པ་དང་། ཇི་ལྟ་བུའི
43b7 མིས་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན། སངས་རྒྱས་ཀྱིས་གསུངས་པ། པོ་དགེ་བ་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན་པའི་མི་དེ་ནི་སེམས་ཐོབ་པ་དང་།




iiif viewer powered by OpenSeadragon

43a - 44a

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge