e-texts navigator
Collection
Volume
Page
Wylie

41b1 ཁམས་གསུམ་ལས་འདས་སོ།། བྱང་ཆུབ་སེམས་དཔའ་བའི་སྙིང་པོས་གསོལ་པ། ཡང་དག་གཤེགས་པས་བཤད་པ་ལ་སྐྱེ་བུ་ཕྱུང་མེད། ཞི་བ་ཡང་མེད་ན། དག་པར་མེད་པྲ་མིནྟ།
41b2 ཏེརྔ་སྐྱེ་ཤི་བཀག་ན་སྟོང་ཞིབ་བཀག་པ་ལགས་སོ།། རྟག་པས་ནི་མི་ཆད་དོ།། མི་ཆུང་པའི་ཆོས་དེ་ཁམས་གསུམ་གྱི་མི་གཡོ་བོའི་ཆོས་རྣམས་དང་བྲལ་ཏེ། བྱ་བ་ཡོད་པའི་ཆོས་ལ་ནི་མེའི
41b3 དོན་ལས་ཡོལ་བ་དང་མཚུངས་སོ།། གང་ལ་སོགས་པའི་ཆོས་ལ་རྟེན་ཏེ། བདག་གིས་བདག་སྤྱོད་པ་ལ་སྒོ་མོ་དེ་གཅིག་པུར་འཇུག། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས
41b4 དཔའི་དོན་ཆེན་པོ་གསུམ་ལ་རང་གི་སེམས་སྤྱོད་དེ། བདེན་པ་ཆེན་པོ་གསུམ་གྱི་སྤྱོད་པ་དེར་འཇུག་གོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཇི་ལྟ་བུར་དོར་གསུམ་ལ་བདག་གི
41b5 སེམས་སྤྱོད། ཇི་ལྟ་བུར་ན་བདེན་པ་གསུམ་གྱི་སྤྱོད་པ་གཅིག་ཏུ་འདུག། སངས་རྒྱས་ཀྱིས་གསུངས་པ། དོན་ཆེན་པོ་གསུམ་ཞེས་བགྱི་བ་ནི་རྒྱུའོ།། གཉིས་ནི་འབྲས་བུའོ།། གསུམ་ནི་རྣམ
41b6 པར་ཤེས་པའོ།། དེ་ལྟ་བུའི་དོན་གསུམ་བྱི་མོ་ནས་སྟོང་བ་མེད་པ་སྟེ། ང་དང་ཡང་དག་པའི་ང་མེད་ན། ཇི་ལྟ་བུར་དེ་ལ་སྲེད་ཅིང་ཆགས་པ་སྐྱེ། དོན་གསུམ་ལ་བརྟགས་ནཱན་བཅིངས་པ
41b7 ཁྱེར་ཏེ། ཁྱེར་བས་སྡུག་བསྔལ་གྱི་ཚོར་འབབ་བོ།། དེབས་ནམ་རྟག་པར་བདག་། བདེན་པ་གསུམ་ཞེས་བྱབོན་། གཅིག་ནི་བྱང་ཆུབ་ཅོ་ལམ་རྩེ་། མཉམ་སྒོམས་པའི་བདེན་པ་ཡིན་གྱི།




iiif viewer powered by OpenSeadragon

41a - 42a

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge