e-texts navigator
Collection
Volume
Page
Wylie

41a1 དོང་སེམས་མི་གཡོ་མི་ཆགས་པ་དེ་དང་མཚུངས་སོ།། བྱང་ཆུབ་སེམས་དཔའ་སྟོང་པའི་རྣམས་བཤད་པ་ནི། ཡོད་པའི་བཤགས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ།
41a2 སའི་སྙིང་པོས་གསོལ་པ་བཙུན་པ་ཡོད་པ་བཙལ་ན་བདེན་པ་མ་མཆིས་ཏེ། སྨིག་རྒྱུ་དང་ཆུ་དང་མཚུངས་བདེན་པར་རིག་སྟེ། མེད་པ་མ་ལགས་ན་མེའི་རང་བཞིན་དང་མཚུངས་སོ།།
41a3 དེ་ལྟ་བུར་རྟོག་པ་ནི་མི་མཛངས་པ་ལགས་སོ།། སངས་རྒྱས་ཀྱིས་གསུངས་པ། དེ་ཡིན་ནོ།། ཇི་ལྟར་མི་དེས་ཡང་དག་པ་ལ་བརྟགས་ཏེ། སྟོང་པ་ཞི་བའི་གཅིག་པུའི་མཚན་མ་ལ་བརྟགསམ
41a4 མཚན་མ་མེད་པ་དང་མཚུངས་སོ།། སྟོང་པ་སྤྱད་དེ་བླངས་ནས་སྟོང་པ་སྤྱད་པས་ན། སངས་རྒྱས་མཐོང་བ་མ་སྦྱོར་ཏོ།། སངས་རྒྱས་མཐོང་བ་སྤྱད་པ་ན། འབབ་པ་གསུམ་དང་བྲལ་ཏེ།
41a5 ཐེག་པ་ཆེན་པོའི་ཆོས་ཀྱི་ནང་ན། གྲོལ་ཐར་གསུམ་གྱི་ལམ་མདོ་གཅིག་སྷོ། ངོ་བོ་ཉིད་མེད་དོ།། དེའི་ངོ་བོ་ཉིད་མེད་པས་ན་སྟོང་ངོ་།། སྟོང་པོས་མཚན་མ་མེད་དོ།། མཚན་མ་མེད་པ
41a6 ན་བྱ་བ་མེད་དོ།། བྱ་བ་མེད་པས་ན་བཙལ་བ་མེད་དོ།། བཙལ་བ་མེད་པས་ན་སྨོན་ལམ་མེད་དེ།། དེ་ལྟ་བུའི་ལས་སྨྱུང་བས་ནི་སེམས་གཙང་ངོ་།། སེམས་གཙང་བས་མ་སངས་རྒྱས་མ
41a7 ངོ་སངས་རྒྱས་མཐོང་བ་ན་ཡུལ་གཙང་བར་བྱེའོ།། བྱང་ཆུབ་སེམས་དཔལ་དེ་ལྟ་བུའི་ཟབ་མོའི་ཆོས་བསྟིན་པས་གསུམ་འགྲུབ་པར་སྤྱད་དེ། ཤེས་རབ་དང་ཐུང་བ་གྲུབ་ན་གདོང




iiif viewer powered by OpenSeadragon

40b - 41b

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge