e-texts navigator
Collection
Volume
Page
Wylie

40b1 རྒྱས་ཀྱིས་གསུངས་པ། དེ་ལྟ་བུ་མི་གཡོ་བ་ཡང་དགྲ་པའི་ཆོས་ནི་གཟུགས་ཀྱང་མེད། ཆགས་པ་ཡང་མེད་དེ། ཅི་ཡང་འདྲ་བ་མེད། འདུ་ནུས་པ་ཡང་མེད། གཞུང་ཡང་མེད། ཆེན་པོ
40b2 ཡང་མེད། ཕྱི་མོ་གཅིག་གི་འཁོར་གྱི་ཆོས་དེ། ལེགས་པའི་དོན་ཟབ་མོའི་ཕུང་པོའོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་བ་བསམ་གྱིས་མི་ཁྱབ་པའི་ཕུང་པོ་ལ་བདུན
40b3 དང་ལྔ་ནི་མིཿ། བརྒྱད་དང་དྲུག་གི་སྟོང་པར་ཞི་སྟེ། དགུ་ནི་མཚན་མ་ཡང་སྟོང་པ་མེད་དོ།། མེད་པའི་སྤོང་བ་ཡང་མེད་དོ།། བཙུན་པས་བཤད་པ་བཞིན་ཏེ། ཆོས་ཀྱི་གཞུང་ཀུན་སྟོང་པའོ།།
40b4 སྟོང་པར་ཞུགས་ན་སྤྱད་པ་མེད་དེ། ལས་ཀྱི་རྣམས་མ་སྦྱོར་བསང་དང་ངའི་གནས་དྲང་། ནུས་པའི་གནས་དང་། ལུས་ཀྱིས་མཐོང་བ་དང་། ཕྱི་ནས་མདུ་པས་མངགས་ཏེ། གཙང་བར་ཀུན
40b5 སྟོང་ཞིང་མི་གཡོ། དེ་ལྟ་བུའི་གཞུང་དག་པ་དང་། ཤེས་རབ་དང་། ཡང་དག་པའི་མི་གཡོབ་བསྟན་པར་སྨོན་ནོ།། བཙུན་པས་རྟག་ཏུ་དེ་ལྟ་བུ་བདེན་པ་མི་གཡོ་བའི་སྟོང་པའི་ཆོས་བསྟན་པ། སྨྱན
40b6 ཟང་པོ་ལགས་སོ།། སངས་རྒྱས་ཀྱི་ཕ་གསུངས་པ། དེ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྟོང་པའི་ཕྱིར་རོ།། རྩོང་པའི་ངོ་བོ་ཉིད་ལ་རྩེ་བ་མེད་དོ།། སེམས་ལ་རྟག་པར་སྐྱེ་བ་མེད་དོ།། སྟོང་པའི་ངོ
40b7 ཉིད་ལ་ཞི་བ་མེད་དེ། སེམས་ལ་ཡང་བྱ་བ་མེད་དོ།། སྟོང་པའི་ལས་འབྱུང་འཇུག་མེད་དེ། ཐོབ་པ་དང་སྟོང་པའི་རྣམས་བྲལ་བས་ཕུང་པོ་དང་། ཁམས་དང་ཞུགས་པ་ལ་སོགས་པ་ཡང་མེད




iiif viewer powered by OpenSeadragon

40a - 41a

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge