| | e-texts navigator
|
39b1 ཐ་མའང་མེད།། གྲུབ་དྲུང་ཞི་ལའང་མི་ཆགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལྔ་པ། ཆོས་སོ་ཅོག་གི་མཚན་མཱ་ནི་ཕྱི་མོ་ནས་མྱ་ངན་ལས་འདུས་ཏེ། མྱ་ངན
39b2 ལས་འདས་པ་དང་སྟོང་པའི་མཚན་མ་ཡང་དེ་བཞིན་ནོ།། དེ་ལ་སོགས་པའི་ཆོས་མེད་པ་ནི་ཆོས་མི་གཡོ་བའི་དང་འཐུན་ནོ།། སངས་རྒྱས་ཀྱི་ས་གསུངས་པ། དེ་ལྟ་བུའི་མེད་པ། ཆོས
39b3 དེ་ནི་མི་གཡོ་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་བ། བསམ་གྱིས་མི་ཁྱབ་བོ།། དེ་ལྟ་བུའི་མི་གཡོ་བའི་མཚན་མ་ནི་འཐུན་པ་ཡང་མ་མཆིས།། མི་མཐུན་པ
39b4 ཡང་མ་མཆིས་ཏེ། ཡིད་ཀྱིས་བླངས་པ་དང་། ལས་ཀྱིས་བླངས་པ་ཀུན་སྟོང་པ་མི་གཡོ་བའོ།། སྟོང་པ་མི་གཡོ་བའི་སེམས་ཀྱི་ཆོས་དང་ལྷན་ཅིག་པ་དང་། མི་གཅིག་པ་བླང་དུ་རུང་བ་དང
39b5 སྟོང་པ་ཞི་བའི་རིགས་སོ།། དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ།། སྟོང་པ་མི་གཡོའི་ཆོས་རྣམས་ནི།། ཆོས་དང་མི་གཡོ་མི་སྟོང་ངོ་།། སེམ་པ་དེ་མི་གཡོ་བ་ཡི་ཚེ།། ངེས་སུ་སེམས་ནི་ཐོབ
39b6 བ་མེད།། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་དེ་ལ་བདེན་པ་མ་མཆིས་ནས། ཁ་དོག་སྟོང་པའི་སེམས་ཀྱང་ཞིའོ།། ཆོས་དེ་ཕྱི་མོ་ནས་ཞི་བས་ཆོས་དེ་ཞི་བའི་ལགས་པའི་རིགས་སོ།།
39b7 དེ་ནས་ཞི་བ་ཡང་མ་མཆིས་ན། ཇི་ལྟ་བུར་གཅིག་ཅེས་བགྱིདེ་ནས་བཙུན་པས་ཚིགས་སུ་བཅད་པ་བཤད་པ། ཆོས་ནི་གནས་མལ་མེད་ལ་འདུག། གཟུགས་དང་དྲངས་ནི་སྟོང་ཞིང་མེད།། མིང
iiif viewer powered by OpenSeadragon
39a - 40a