e-texts navigator
Collection
Volume
Page
Wylie

32a1 ཆོས་སུམ་ཅུ་རྩ་བདུན་དང་ལྡན་ནོ།། བཞི་བསམ་པའི་གནས་དྲང་། དྲང་པོའི་འགྲུས་པ་བཞི་དང་། ཡིད་ཀྱི་རྐང་པ་བཞི་དང་། རྩ་བ་ལྔ་དང་། སྟོབས་ལྔ་དང་།
32a2 ཚོར་བ་བདུན་གྱི་ཤས་དང་། དྲང་པོ་བརྒྱད་ཀྱི་ལམ་ལ་སོགས་པ་སྟེ། མིང་མང་ལ་གཞུང་གཅིག་པས། གཅིག་ཀྱང་མི་གཅིག། ཐ་ཡང་མི་དད་དོ།། མིང་གིས་བགྲངས་པས་ན། མིང་དང
32a3 མཁན་དུ་ཟང་མོད་ཀྱི། ཆོས་ཐོབ་པར་རུང་ངོ་།། ཆོས་ཐོབ་པར་མི་རུང་བའི་ཆོས་ནི་གཞུང་གཅིག་ལ་ཡི་གེ་མེད་དོ།། ཡི་གེའི་མཚན་མ་མེད་པའི་གཞུང་ནི། ཡང་དག་པའི་བདེན་པའི་སྟོང་པའི
32a4 ངོ་བོ་ཉིད་དོ།། སྟོང་པའི་ངོ་བོ་ཉིད་ཀྱི་གཞུང་ནི་ཡང་དག་པའི་བདེན་པ་མི་གཡོ་བ་ཡིན་ནོ།། ཡང་དག་པའི་མི་གཡོ་བའི་གཞུང་ནི་ཆོས་སོ་ཅོག་ལྡན་ནོ།། ཕོ་དགེ་བ་ཡང་དག་པའི་གཞུང་ལ་འདུག་པ་ནི
32a5 སྡུག་བསྔལ་གསུམ་གྱི་མཚོ་ལས་འདས་སོ།། ཤཱ་རིའི་བུས་གསོལ་པ། ཆོས་སོ་ཅོག་ཐམས་ཅད་ནི་ཚིག་ཀུན་དང་ཡི་གེ་ལགས་སོ།། ཚིག་དང་ཡི་གེའི་གཟུགས་ནི་གང་མ་མཆིས་པ་ལགས་སོ།།
32a6 ཡང་དྲག་པའི་བདེན་པའི་གཞུང་ནི་ཚིག་གིས་བཤད་དུ་མི་རུང་ན། ཡང་དག་པར་གཤེགས་པར་ཇི་ལྟར་ཆོས་བཤད། སངས་རྒྱས་ཀྱིས་གསུངས་པ། ངས་ཆོས་བཤད་པ་ནི་ཁྱེད་སེམས
32a7 ཅན་གྱི་རྣམས་པ་ཤད་པའི་ཁར་ལུས་པས་ན། བཤད་དུ་མི་རུང་བ་བཤད་དོ།། དེ་ལྟ་བས་ན་བཤད་ཅེས་བྱའོ།། ས་བཤད་དེ་ཙོག་ནི་གཞུང་གི་ཚིག་སྟེ་ཡི་གེ་མེད་དོ།། སེམ་ཅན་གྱིས་བཤད་པ་ནི་ཡི་གེའི་ཚིག་སྟེ་གཞུང་མེད་དོ་ས་ཞུད་མེད་པའི་ཚིག




iiif viewer powered by OpenSeadragon

31b - 32b

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge