| | e-texts navigator
|
31b1 ཐོབ་སྟེ། སྟོང་པའི་མཚོ་དང་ས་གཅིག་ལ་ནི་ཆང་ན་ད་རྙེད་པ་དང་མཚུངས་སོ།། ར་རོ་སྟེ་མྱོས་པ་སངས་ཀྱང་བསྐལ་པ་བགྲང་གི་བར་དུ་འོན་ཀྱང་མི་ཚོར་རོ།། ཆང་ཞུན་གདོད་ཚོར་ཏེ། དེས
31b2 གདོད་སྤྱོད་པ་འདི་སྤྱད་པས་ཕྱིས་སངས་རྒྱས་ཀྱི་ལུས་ཐོབ་བོ།། དཔར་མི་དེས་ལོག་སྲུང་བཏང་ལ་སྤྱོད་པ་དྲུག་ཏུ་ཞིགས་ཏེ། སྤྱོད་པའི་ས་ནས་ཁྲིམས་བསྡུའོ།། གསུམ་ནི་ཕྱི་མོ་ཤེས
31b3 རབ་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་ཀྱི་རྐྱེན་གྱིས་སེམས་ཅན་གྱི་ཚུལ་ཁྲིམས་བསྡུས་སོ།། བཞིནི་གཅིག་ཚོར་བ་སྤྱད་པའི་ཤེས་རབ་ཀྱི་སྟོབས་ཀྱི་རྐྱེན་གྱིས་དེ་བཞིན་དུ་མི་གཡོ་བར་འདུག་པ་སྟེ།
31b4 དེ་ནི་རྐྱེན་བཞི་ཞེས་བྱའོ།། ཕོ་དགེ་བ་དེ་ལྟ་བུ་རྐྱེན་ཆེན་པོ་བཞིའི་སྟོབས་ཀྱིས་ཁྲིམས་ཚན་མ་ལ་མི་ཆགས་ན་ངོས་མེད་པ་མ་ཡིན་ཏེ། གནས་གཅིག་དང་བྲལ་བས་བཙལ་དུ་མི་རྙེད་དོ།། ཕོ་དག
31b5 བ་དེ་ལྟ་བུའི་དོན་གཅིག་གིས་ནི་སྡུད་པ་དྲུག་སྤྱད་པར་བསྡུས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཡེ་ཤེས་ཀྱི་མཚོ་ཡིན་ནོ།། ཤཱ་རིའི་བུས་གསོལ་པ། དོན་གྱི་མཚན་མ་ལ་མ་ཆགས་ན། ངོ་སོ
31b6 མེད་པ་ལ་ལགས་ཏེ། ཆོས་ཀྱི་ཡང་དག་པའི་རྟག་སྐྱིད་ངགཙང་ལགས། ང་གཉིས་ལས་འདས་ཏེ་མྱ་ངན་ལས་འདས་པ་ཆེན་པོ་ལགས་པས། སེམས་ཅི་ལ་ཡང་མ་ཆགས་ཏེ།
31b7 མཐུ་ཆེན་པོ་ལགས་སོ།། ཞུགས་པ་དེའི་ཚོར་བའི་ནང་ན་ལམ་གྱི་ལེའུའི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་རིགས་སོ།། སངས་རྒྱས་ཀྱིས་གསུངས་པ། དེ་ཡིན་ནོ།། ལམ་གྱི་ལེའུའི
iiif viewer powered by OpenSeadragon
31a - 32a