e-texts navigator
Collection
Volume
Page
Wylie

30b1 ཆེན་བྱང་ཆུབ་སེམས་དཔའ་གསོལ་པ། ཇི་ལྟ་བུར་ན་གསུམ་མ་ཉམས་ལ་གཅིག་བསྲུངས་ན། ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུད་ཅེས་བགྱི། སངས་རྒྱས་ཀྱི་ས་གསུངས་པ
30b2 གསུམ་མཉམས་ཞེས་བྱ་བ་ནི་གྲོལ་ཐར་གསུམ་མཉམ་པ་གཅིག་བསྲུང་བ་ནི། སེམས་མི་གཡོ་བ་གཅིག་བསྲུང་ངོ་།། ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུ་དྲེད་བྱ་བ་ནི་གཞུང་ལ
30b3 བརྟགས་པ་དེ་ལྟ་བུའི་སེམས་ཀྱིས་ནི། ཡང་དག་པའི་དབྱིངས་སུ་ཆུང་ངོ་།། མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། གྲོལ་ཐར་གསུམ་གྱི་ཆོས་ནི་གང་ལ་སོགས་པའི་དོན་ལགས། གཞུང
30b4 གིས་བཏགས་པའི་ཏིང་ངེ་འཛིན་ནི་ཆོས་གང་ལ་འཇུག། སངས་རྒྱས་ཀྱིས་གསུངས་པ། ཟོལ་ཐར་གསུམ་ཞེས་བྱ་བ་ནི་སྡོང་གྲོལ་ཐར། རྡོ་རྗེའི་གྲོལ་ཐར། ཤེས་རབ་གྲོལ་ཐར་ཏོ།། གསུང་ལ།
30b5 བརྟགས་ཞེས་བྱ་བ་ནི། སེམས་གཙང་ན། གཞུང་གཙང་ན། སེམས་མེད་ཅེས་བྱར་རུང་ངམ། མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་མ་ཉམས་པར་སྤྱད། ཅིག
30b6 བུར་ན་བརྟག། སངས་རྒྱས་ཀྱིས་གསུངས་པ། སེམས་རྣམ་གཉིས་སུ་མེད་ན། དེ་མ་ཉམས་པ་སྤྱོད་པའི་ནང་ལོག་ན་སྤྱོད་པ། ཕྱི་ལོགས་སུ་བྱུང་བ་གཉིས་ཀྱང་གཉིས་སུ་མེད་པར
30b7 ཞུགས་ཏེ། གཅིག་གི་མཚན་མ་ལ་ཡང་མི་ཆགས་ན། ཐོབ་སྟོང་པ་མེད་དེ། གཅིག་དང་གཅིག་གིས་ཞེས་བྱ་བ་མེད་ནས། སོ་སོ་ཐ་དད་པའི་ཁྲིམས་ཟུང་བ་མ་ལྡན་ལ་ཕོ་ཤི་ཏར་མ




iiif viewer powered by OpenSeadragon

30a - 31a

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge