e-texts navigator
Collection
Volume
Page
Wylie

29a1 སར་ཞུགས་པ་བསམ་གྱིས་མི་ཁྱབ་བོ།། དེ་ནས་ཤཱ་རིའི་བུ་འདུག་པ་ལས་ལངས་ཏེ། མདུན་དུ་ཚིགས་སུ་བཅད་པ་བཤད་དོ།། ཤེས་རབ་མ་ཚེའི་ནི་ཆོག་ཅིང་ཚང་།། མྱ།
29a2 ངན་འདས་མཁས་མི་ཆགས་ཏེ།། དམ་པའི་མེ་ཏོག་པདྨོ་བཞིན།། སྤོས་དོན་ལས་ནི་བྱུང་མ་ཡིན།། སངས་རྒྱས་བསྐལ་པ་གྲངས་མེད་དུ།། མྱ་ངན་འཁྲུག་པ་ཀུན་མ་བཏང་།། འཇིག་རྟེན་བསྒྲལ
29a3 ནས་གདོད་ཐོབ་སྟེ།། པདྨོ་རྫབ་ལས་བྱུང་དང་མཚུངས།། དྲུག་སྤྱོད་པ་ཡི་ས་ད་ནི།། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སྟོང་པ་གསུམ་གྱི་ཕུང་པོ་དེ།། བྱང་ཆུབ་ཀྱི་ནི་དྲང་པོའི་ལམ།། ངན་སུ་ཆགས
29a4 མེད་འཁོད་པར་བྱས།། སངས་རྒྱས་ཀྱི་སུ་བཤདཔ་བཞིན།། འོངས་པ་ཡང་ནི་སླར་ཡང་འོངས།། ཆོས་ཅིག་གང་ནས་གདོད་འབྱུང་ངོ་།། སེམས་ཅན་རྣམ་པ་ཐམས་ཅད་ཀྱང་།། ང་བཞིན་གཅིག་སྟེ་གཉིས
29a5 མིན་བྱས།། སླར་འོངས་པ་དང་ཕྱིས་འོངས་པ།། ཀུན་ཀྱང་དྲན་པ་ཚོར་འཛེག་བྱས།། དེ་ནས་སངས་རྒྱས་ཀྱིས། ཤཱ་རིའི་བུ་ལ་བཀའ་སྩལ་པ།། བསམ་གྱིས་མི་ཁྱབ་བོ།། ཁྱོད་ཀྱིས་ཕྱིས་བྱང
29a6 ཆུབ་ཀྱི་ལམ་གྲུབ་ན། གྲངས་མེད་པའི་སེམས་ཅན་ཤི་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་ཅིག། དེ་ནས་ཕལ་མང་པོ་ཀུན་གྱིས་བྱང་ཆུབ་ཚོར་ནས། ཐེག་པ་ཆུང་ངུ་རྣམས་ཀྱིས་ཀྱང་སྟོང་པ་ལྔའི
29a7 མཆོར་ཆུད་དོ།། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་དྲུག་སྟེ། ཡང་དག་པའི་སྟོང་པའི་ལེའུའོ།། ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཡི་གེ་བམ་པོ་གཉིས་པ།




iiif viewer powered by OpenSeadragon

28b - 29b

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge