e-texts navigator
Collection
Volume
Page
Wylie

27b1 གྱིས་རྔམ་སྐྱེས་མ་ཤཱི། འོངས་པ་དང་། སོང་བ་དང་། འདུས་པའི་མཚན་མ་ཡང་མ་མཆིས་ཏེ། བསམ་གྱིས་མི་ཁྱབ་བོ།། སངས་རྒྱས་ཀྱིས་གསུངས་པ། དེ་ཡིན་ནོ།། བསམ་གྱིས།
27b2 མི་ཁྱབ་བོ།། བསམ་གྱིས་མི་ཁྱབ་པའི་སེམས་ཀྱང་དེ་བཞིན་ནོ།། ཇི་ལྟ་ཞེ་ན། མི་གཡོ་བའི་སེམསཱ་ལ་ཐ་དད་པ་མེད་དེ། སེམས་ཀྱི་ཕྱི་མོ་ནཱ་སུ་མི་གཡོ་བས་ན། སེམས་ཅན་གྱི་ངོ་བོ་ཉིད
27b3 དང་དུ་སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་ཀྱང་མི་གཅིག། ཐ་ཡང་མི་དད་དེ། སེམས་ཀྱི་ངོ་བོ་ཉིད་ཕྱི་མོ་ནས་སྐྱེ་ཤི་མེད་དོ།། སྐྱེ་ཤི་ངོ་བོ་ཉིད་ཀྱི་མོ་མྱ་ངན་ལས་འདའ་བ་སྟེ། ངོ་བོ་ཉིད་ཀྱི་མ
27b4 མ་ཕྱི་མོ་ནས་མི་གཡོ་སྟེ། མི་གཡོ་བ་ལ་གཡོ་བ་མེད་པས་ན། ཆོས་སོ་ཅོག་གི་མཚན་མ་ནི་རྐྱེན་ལས་ལངས་པ་མེད་དོ།། ལངས་པའི་མཚན་མའི་ངོ་བོ་ཉིད་ནི་མི་གཡོའོ།། མི་གཡོ་ལ
27b5 ཊཱི་ཡང་གཡོ་བ་མེད་དེ། རྐྱེན་གྱི་ངོ་བོ་ཉིད་ཀྱི་མཚན་མ་ཕྱི་མོ་ནཱས་སྟོང་སྟེ་མེད་ནཱ་རྐྱེན་གྱི་རྐྱེན་དང་། སྟོང་པའི་སྟོང་པ་ལས་རྐྱེན་ལྡང་བ་མེད་དོ།། རྐྱེན་གྱི་ཆོས་སོ་ཅོག་ནི་བསླད་པའི་སེམ
27b6 ཀྱིས་ནི་བདེན་པའི་མཚན་མཐོང་ངོ་།། མངོན་པར་ན་ཕྱི་ན་སྣ་མི་སྐྱེའོ།། རྐྱེན་གྱི་ཕྱི་མོ་ནས་མྱེད་པས་ན། སེམས་མི་གཡོ་བའི་ཆོས་ཀྱི་གཞུང་ནི་རང་གི་ངོ་བོ་ཉིད་སྟོང་པ་མེད་པའོ།།
27b7 སྟོང་པའི་རྒྱལ་པོ་དང་མཚུངས་ཏེ། ཕྱི་མོ་ནས་འདུག་པའི་གནས་མེད་ན། ཐ་མལ་པའི་སེམས་ཀྱི་བདེན་པའི་རྣམ་པར་བརྟགས་པས་མཐོང་ངོ་།། ཡང་དག་པའི་མི་གཡོ་བའི




iiif viewer powered by OpenSeadragon

27a - 28a

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge