| | e-texts navigator
|
27a1 སེམས་ལས་སྒྱུ་མ་མ་རྫུས་ན་ཅི་ཡང་མཐོང་བ་མེད་དོ།། བྱང་ཆུབ་སེམས་དཔས་ནང་ན་ལོགས་ན་སེམས་ཅན་མེད་དོ།། རང་བཞིན་གསུམ་སྟོང་ཞིང་མི་གཡོ་བ་ན
27a2 གསོང་བྱ་ཡང་མེད། འདོ་ས་བྱུ་བ་མེད་དོ།། ཞུགས་པ་གཉིས་ཞེས་བྱ་བ་ཡན་ཆད་ཀྱི་སེམས་ཀྱང་མི་སྐྱེ་ན། དེ་ལྟ་བུ་བསོད་པའི་ཐོབ་པས་གདོད་ཁམས་ཡང་མེད་དོ།། མཐུ་ཆེན་བྱང་ཆུབ
27a3 སེམས་དཔས་གསོལ་པ། ཇི་ལྟ་བུར་ན་ཞུགས་པ་གཉིས་སེམས་ལས་མ་སྐྱེས་ཞེས་བགྱི། སེམས་ཀྱི་ཕྱི་མོ་ནས་སྐྱེ་ན་ཇི་ལྟ་བུར་ཞུགས་པ་ཡོད་ཅེས་བགྱི། སངས་རྒྱས་ཀྱི་སྐུ་གསུངས
27a4 པར་ཞུགས་པ་གཉིས་ཞེས་བྱ་བ་གཅིག་ནི་གཞུང་ཞུགས་པའོ།། གཉིས་ནི་སྤྱོད་པ་ཞུགས་པའོ།། གཞུང་ཞུགས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཡང་དག་པར་ངོ་བོ་ཉིད་ཐ་མི་དད་པར
27a5 རབ་ཏུ་ཡིད་ཆེས་པའོ།། གཅིག་ཀྱང་མི་གཅིག། འཐུན་ཡང་མི་མཐུན་ན། ཕྱི་ལོགས་ཀྱི་རྡུལ་གྱིས་བསྒྲིབས་ཤིང་ཆོད་དེ།། མ་སོང་མ་འོངས་ཏེ་ཚོར་ཞུགས་པ་ལ་ཏིང་ངེ་གནས་ནས་གསང
27a6 རྒྱས་ཀྱི་ངོ་བོ་ཉིད་ལ་རྟོག་པར་བརྟགས་ན། ཡོད་པ་ཡང་མེད། མེད་པ་ཡང་མེད་དེ། བདག་ཀྱང་མེད། གཞན་ཡང་མེད་ཐ་མལ་པ་དང་། འཕྲུལ་རྣམ་གཉིས་ཀྱང་མེད་དེ། རྡོ་རྗེའི་སེམས་ཀྱི་སར་བསྲན
27a7 ཐུབ་པར་གནས་ཏེ། མི་འགྱུར་ན་སྟོང་པ་མི་གཡོ་ཞིང་བྱང་བ་མེད་དེ་། མཚན་མ་འདུས་པ་ལས་ཀྱང་མ་གྲུབ་འབའ་ཞིག་ལས་ཀྱང་མ་གྲུབ་འབའ་ཞིག་ཀྱང་མ་ལགས། མ་འདུས་མ
iiif viewer powered by OpenSeadragon
26b - 27b