e-texts navigator
Collection
Volume
Page
Wylie

26b1 མ་ཡིན་ནོ།། མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། དེ་ལྟ་བུའི་མིང་དང་གཞུང་ཡང་དག་པའི་བདེན་པ་མི་གཡོ་བའི་མཚན་མ་ལགས་སོ།། ཡང་དག་པར་གཤེགས་པའི་མི་གཡོ་བའི
26b2 མཚན་མ་མི་གཡོ་བ་ལ་མི་ཆགས་སོ།། མི་གཡོ་བ་ལ་མི་གཡོ་བའི་མཚན་མ་མཆིས་སོ།། མི་གཡོ་བ་ལ་མཚན་མ་མཆིས་ན་བླ་ཡང་དྲུག་པར་གཤེགས་པའི་མ་ལགས་སམ། སེམས་ཅན་གྱི
26b3 སེམས་ཀྱི་མཚན་མ་ཡང་དག་པར་གཤེགས་པའི་མཚན་མ་ལགས་ཏེ། སེམས་ཅན་གྱི་སེམས་ཀྱང་ཁམས་ཐ་དད་པ་མ་མཆིས་པའི་རིགས་སོ།། སངས་རྒྱས་ཀྱི་ས་གསུངས་པ། དེ་ཡིན་ནོ།། སེམ
26b4 ཅན་གྱི་སེམས་ནི་བདྲེན་པར་ཁམས་ཐ་དད་པ་མེད་དོ།། ཇི་ལྟ་ཞེ་ན། སེམས་ཅན་གྱི་ཕྱི་མོ་གཙང་བའི་ཕྱིར་རོ།། གཡུང་དྲུང་ལ་སྐྱེ་བ་མེད་ན། རྡུལ་གྱིས་གོསླ་པའི་མིང་ཁམས་གསུམ་ཞེས་བྱའོ།།
26b5 ཁམས་ཀྱི་སེམས་ནི་མིང་ཐ་དད་པའི་ཁམས་ཞེས་བྱ་སྟེ། ཁམས་དེ་ནི་སྒྱུ་མ་མི་བདེན་པའི་ཡིན་སྟེ། སེམས་ལུས་སུ་གྱུར་པས་སྐྱེས་སོ།། སེམས་ལས་མི་བདེན་པ་མེད་ན་ག་ཐ་དད་པའི་ཁམས
26b6 ཀྱང་མེད་དོ།། མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། སེམས་གཙང་དང་ན་ཁམས་ཀྱི་རྣམས་མི་སྐྱེའོ།། སེམས་དེ་དང་ན་ཁམས་གསུམ་མཆིས་པའི་རིགས་སོ།། སངས་རྒྱས་ཀྱི་ས
26b7 གསུངས་པ། དེ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་ལ་ནི་ཁམས་མི་སྐྱེའོ།། ཁམས་ལས་སེམས་མི་སྐྱེའོ།། ཇི་ལྟ་ཞེ་ན། ཁམས་མཐོང་ངོ་ཅོག་ནི་སེམས་འབའ་ཞིག་མཐོང་སྟེ




iiif viewer powered by OpenSeadragon

26a - 27a

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge