e-texts navigator
Collection
Volume
Page
Wylie

15a1 སོ་ཅོག་སྐྱེས་ནས་སྟོང་ཞིང་ཁྲིའི་བསམ་པ་གཡོས་ཏེ། དེ་ནི་ལྗང་ཆུབ་ཀྱི་གཟུངས་ཡིན་ནོ།། བྱང་ཆུབ་དེབས་ཕྱི་མོའི་ངོ་བོ་ཉིད་ཀྱི་མཚན་མ་ལྔ་བརྟགས་ན། གཞུང་རང
15a2 གང་རྒྱས་སོ།། སྟོང་བསམས་ཁྲི་མནོས་ཀྱང་ལམ་གྱི་གཞུང་ལ་མི་ཕན་ཏེ། གཡོས་ཤིང་དཀྲུགས་པས་སེམས་ཀྱི་ཕྱི་མོ་བདག་པོ་སྦྱོར་བར་གྱུར་ཏོ།། བསམ་ཞིང་མནོ་བ་མེད་ན། ལྡང
15a3 དུབ་ཀྱང་མི་སྐྱེ་སྟེ། ཡང་དག་པའི་བཞིན་དུ་མི་གཡོའོ།། རྣམ་པར་ཤེས་པའི་རྣམས་བདེ་ཞིང་སྟོན་ན་འབབ་ཅིང་འཁོར་བར་མི་སྐྱེ་སྟེ། བཙང་མའི་ཆོས་ལྔ་ཐེབ་བོ།། དེ་ནི་ཐེག་པ་ཆེན
15a4 པོ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་གཙང་མ་ལྔར་ཞུགས་ན། སེམས་ལ་མི་བདེན་པ་མེད་དོ།། མི་བདེན་པ་མེད་ན་གདོད་ཡང་དག་པར་གཤེགས་པའི་རང་གིས་ཚོར་བའི་འཕགས
15a5 པའི་ཡེ་ཤེས་ཀྱི་སར་ཆུད་དོ།། ཡེ་ཤེས་སར་ཆུང་བ་ནི་ཐམས་ཅད་ཕྱི་མོ་ནས་མི་སྐྱེ་བར་མངས་པས་རིག་པར་བྱ་སྟེ། ཕྱི་མོ་ནས་མི་སྐྱེ་བར་རིག་ན། གདོད་མི་བདེན་པའི་སེམས་མེད་དོ།། གྲོལ
15a6 ཐར་བྱང་ཆུབ་སེམས་དཔས། སངས་རྒྱས་ལ་གསོལ་པ། བཙུན་པ་མི་བདེན་པོའི་སེམས་ཅན་མ་མཆིས་ན། གཏང་ཞིག་དཔག་པའི་ཡང་མ་མཆིས་པའི་རིགས་སོ།། སངས་རྒྱས་ཀྱིས་གསུ
15a7 པའི་བྱང་ཆུབ་སེམས་དཔའ་མི་བདེན་པའི་ཕྱི་མོ་ནས་མི་རྐྱེན། མི་བདེན་པ་དཔག་ཏུ་མེད་དོ།། སེམས་ལ་སེམས་མེད་པར་རིག་ན། སེམས་བཏང་དུ་མེད་དོ།། བྱེ་བྲག་མེད། དབྱེ་བ་མེད་ན།




iiif viewer powered by OpenSeadragon

14b - 15b

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge