| | e-texts navigator
|
14a1 ནོར་གྲོལ་ཐར་བྱང་ཆུབ་སེམས་དབུས། ཡང་སངས་རྒྱས་ལ་གསོལ་བུ། བཙུན་པ་སེམས་ཅན་ལ་ལས་ཆོས་སྐྱེ་བར་མཐོང་བའི་ཚེ། མཐོང་བ་གང་ཞི་བར་བགྱིད།
14a2 སངས་རྒྱས་ཀྱིས་བཀའ་སྩལ་པ། བཙུན་པ་བྱང་ཆུབ་སེམས་དཔའ་ལ་ལས་ཆོས་སྐྱེ་བར་མཐོང་བའི་ཚེ། ཡོད་པར་མཐོང་བ་ཡང་ཞི་བར་བྱའོ།། ཆོས་ཞི་བར་བྱ་བ་མཐོང་བའི་ཚེ། ཡོད
14a3 པར་མཐོང་ཡང་ཞི་བར་བྱའོ།། མཐོང་བཞིན་མེད་པ་ཡང་དག་པའི་ཆོས་ཐོབ་སྟེ། མི་འགྱུར་བའི་ངོ་བོ་ཉིད་དུ་ཞུགས་ནས། མི་འགྱུར་བ་ལ་སྐྱེ་བ་མེད་དོ།། གྲོལ་ཐར་བྱང་ཆུབ་སེམས་དང་།།
14a4 སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ཅན་དེ་དག་གར་སྐྱེ་བ་མ་མཆིས་པ་ལ་གནས་པར་བགྱིས་ན། དེའི་སྐྱེ་བ་མ་མཆིས་པ་ལགས་སམ། སངས་རྒྱས་ཀྱིས་བཀའ་སྩལ་པ།
14a5 སྐྱེ་བ་མེད་པ་གནས་པ་ཉིད་ནི་སྐྱེ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གནས་པ་ཡང་མེད། སྐྱེ་བ་ཡང་མེད་ན། གདོད་སྐྱེ་བ་མེད་དེ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སྐྱེ་བ་དང་། སྐྱེ་བ་མེད
14a6 པ་སྐྱེ་བ་སྤྱད་པས་སྐྱེ་བའི་སེམས་བསལ་ཏོ།། སྐྱེ་བ་དང་ཞི་བར་ཅིག་ཚད་བསལ་ན། ང་སྐྱེ་བའི་ཕྱི་མོ་མི་སྐྱེ་སྟེ། སེམས་རྟག་པར་སྟོང་ཞིང་མི་གཡོའོ།། སྟོང་ཞིང་མི་གཡོ་བ་ལ་ཆགས
14a7 པ་མེད་ན། སེམས་ལ་ཆགས་པ་མེད་དེ་། གདོད་བ་མེད་པ་ཡིན་ནོ།། གྲོལ་ཐར་བྱང་ཆུབ་སེམས་དཔས། ཡང་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ལ་ཆགས་པ་མེད་ན
iiif viewer powered by OpenSeadragon
13b - 14b