e-texts navigator
Collection
Volume
Page
Wylie

13a1 ཡིན་ཏེ། བསམ་གྱིས་མི་ཁྱབ་བོ།། བྱམས་པ་ཆེན་པོ་སྤུ་ད་སྙིང་རྗེ་ཆེན་པོ་སྤྱད་པའི་ཕྱིར་ངས་མ་བཤད་ནསེར་སྣ་དྲང་བརྐམ་པའི་ནང་དུ་ལྷུང་པོ
13a2 ཁྱེད་ལ་སོགས་པ་སེམས་གཅིག་ཏུ་བརྟགས་པར་ཉོན་ཅིག་དང་། ཁྱེད་ལ་སྒྲོལ་ཅིང་བཤད་དོ།། སྐྱེས་བུ་ཕོ་དགེ་བ་སེམས་ཅན་ལ་སྟོན་སློབ་པ་ནི་སྟོན་པའི་སེམས་སྐྱེ་བ་ཡང
13a3 མེད་མི་སྟོན་པའི་སེམས་སྐེ་བ་ཡང་མེད་ན། དེ་ནི་སྟོན་པ་ཆེན་པོ་ཞེས་བྱ་སྟེ། དེ་ནི་སེམས་ཅན་ཀུན་ངའི་སེམས་དང་བྲལ་བའོ།། ངའི་སེམས་ཅན་ཐ་མས་ཅད་ཕྱེ་མི་ནས
13a4 སྟོང་པ་མི་གཡོ་བ་སྟེ། སྟོང་པའི་སེམས་ཐོབ་ནས། སེམས་སྒྱུ་མར་སྤྲུལ་པ་མེད་དོ།། སྒྱུ་མ་ཡང་མེད་དོ།། སྤྲུལ་པ་ཡང་མེད་ན། གདོད་སྐྱེ་བ་མེད་ཐོབ་བོ།། སྐྱེ་བ་མེད་པའི་སེམ
13a5 ནརྀ་སྤྲུལ་པ་མེད་པ་གྲནས་སོ།། གྲོལ་ཐར་བྱང་ཆུབ་སེམས་དཔའ་གྲོལ་ཐར་པས། སངས་རྒྱས་ལ་གསོལ་པ་བཙུན་པ་སེམས་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་ཕྱི་མོ་ནས་སྟོང་ཞིང
13a6 མི་གཡོའོ།། སྟོང་ཞིང་མི་གཡོ་བའི་སེམས་ནི་ཡིད་ལ་གཟུགས་དང་མཚན་མ་མཆིས་ན། ཇི་ལྟར་སྦྱང་སྦྱངས་ནཕྱི་མོའི་སེམས་སྟོང་པ་ཐོབ་པར་རུང་བ་སྲུངས་རྒྱས་ཀྱི
13a7 བྱམས་པའི་ཐུགས་དང་བདག་ལ་དགྲོལ་ཅིང་བཤད་པ་སྟོན་ཏོ།། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་སེམས་སོ་ཅོག་གི་མཚན་མ་ནི་ཕྱི་མོ་ནས་ཕྱི་མོ




iiif viewer powered by OpenSeadragon

12b - 13b

Texts on this page

Ty040-006 - rdo rje'i ting nge 'dzin gyi chos kyi rnam grangs yi ge