e-texts navigator
Collection
Volume
Page
Wylie

10a1 ཚོགས་པས་སྡུག་བསྔལ་གྱི་ཆུ་བོ་བཞི་ལས་ཐར་བར་མཛད་དོ།། བདུན་པ་ནི་ཉི་མས་ཀུན་ལ་སྙོམས་ནས་དྲོ་བ་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ
10a2 ཚོགས་པས། སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་མཛད་པའི་ཐབས་ནི་དྲོ་བའི་ལས་ལྟ་བུའོ།། གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ
10a3 ཕྱིན་པ་ལ་བསླབ་པར་བྱ་སྟེ། དེས་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་དང་། མཚན་མ་མེད་པ་དང་། མཚན་མ་ཐམས་ཅད་དང་རབ་ཏུ་བྲལ་བ་དང་། གང་ཟག་མེད་པ
10a4 དང་གང་ཟག་ཐམས་ཅད་དང་བྲལ་བ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ་བསླབ་པར་བྱའོ།། རིགས་ཀྱི་བུ་ཆོས་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་།།
10a5 མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། བདེན་པ་དང་དེ་ཁོ་ནའི་དོན་ལ་བྱང་ཆུབ་སེམས་དཔས་ཀྱང་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས།།
10a6 ཀྱིས་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཀྱང་།། ཆོས་ཐམས་ཅད་ཀྱང་མངོན་པར་འདུ་བྱ་བ
10a7 མེད་པ་དང་། སྐྱེ་བ་མེད་པ་ལ་བསླབ་པར་བྱའོ།། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ་བསླབ་པར་བྱའོ།། གཟུགས་ལ་སོགས་པའི་ཆོས་ཐམས




iiif viewer powered by OpenSeadragon

9b - 10b

Texts on this page

Ty040-005 - 'phags pa shes rab kyi pha rol tu phyin pa nyi ma'i snying po'i theg pa chen po'i mdo