| | e-texts navigator
|
45a1 ཆུབ་ཏུ་སེམས་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། དགེ་སློང་བདུན་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས
45a2 རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ལ། ཡུལ་འཁོར་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་འདི་ཇི་ལྟར་གཟུང
45a3 པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡུལ་འཁོར་སྐྱོང་དེ་ལྟ་བས་ན། ཁྱོད་ཀྱིས་ཆོས་ཀྱིས་རྣམ་གྲངས།
45a4 འདི་དམ་བཅས་པ་དོན་ཡོད་པ་རྣམ་པར་དག་པ་ཞེས་བྱ་བར་ཟུང་ཞིག། སྐྱེས་བུ་དམ་པ་རྣམ་པར་རོལ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་ངེས་པ་ཞེས་བྱ་བར་ཡང་ཟུང་ཞིག། དོན་ཡོངས་སུ་རྫོག
45a5 པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།
45a6 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང
45a7 དཱ་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ཤོ་ལོ་ཀ་སྟོང་སྟེ། བམ་པོ་གསུམ་དང་།
iiif viewer powered by OpenSeadragon
44b - 45b