| | e-texts navigator
|
44a1 ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སྟོབས་བཅུ་མངའ་བའི་སྤྱོད་པ་དཔག་མེད་ན།། སྙིང་ནི་འཐོབ་དང་ཤེས་ཀྱི་ཁེ་ལ་སོང་།། བྱང་ཆུབ་ཡོན་ཏན
44a2 བརྒྱས་ཁེབས་བོར་ནས་ནི།། དེ་དག་འཐོབ་ཕྱིར་གཞན་གྱི་ཁྱིམ་ལ་དགའ།། ཁྭ་འདྲ་སྡང་བ་ཁྲེལ་དང་མོས་བློ་བྲལ།། ཤེས་ཀྱི་ཁེ་ཕྱིར་བདུད་ཀྱི་དབང་དུ་སོང་།། ཉོན་མོངས་རག་ལུས་སྲིད་པའི་འགྲོ་བར
44a3 གཞོལ།། བདག་འདིར་ཡོན་ཏན་ལྡན་ཞེས་དེ་སྐད་སྨྲ།། ལུས་ནི་དགོན་ན་དྲན་པ་གྲོང་ཁྱེར་དུ།། འཐོབ་ཕྱིར་དེ་དག་རྣམ་པར་རྟོག་པས་སྤྱོད།། གནམ་དང་ས་ལྟར་ཐར་ལས་རིང་བ་སྟེ།། དེ་འདྲའི་དེ་དག་སྤྲུལ
44a4 ལྟར་རིང་དུ་སྤང་།། དེ་དག་སངས་རྒྱས་ཆོས་དང་དེ་བཞིན་དུ།། དགེ་འདུན་ཡོན་ཏན་བརྒྱས་གང་དགའ་མ་ཡིན།། མཐོ་རིས་བོར་ནས་ངན་པའི་ལམ་དུ་སོང་།། སྡུག་པས་འཕོངས་ནས་སྲིད་པའི་འགྲོ་བར
44a5 འཁྱམས་ཁང་ཡི་སྤྱོད་པ་ཉེ་བར་བསྟན་པ་འདི་ཐོས་ནས།། ཡང་དག་ལྷག་པའི་བསམ་པའི་སྒྲུབ་པས་འདི་ལ་སྦྱོར།། བསྐལ་པ་བྱེ་བ་མང་པོས་རྙེད་དཀའ་ངལ་རྙེད་ཀྱིས།། དེ་ལྟ་ཇི་སྐད་བསྟན་པའི་ཆོས
44a6 ཉིད་འདིར་བརྩོན་གྱིས།། གང་ཞིག་ཐེག་མཆོག་བྱང་ཆུབ་དམ་པ་འཚང་རྒྱར་འདོད་།། དེ་ཡོས་རྒྱལ་པོ་དེ་ཡི་ཡོན་ཏན་དྲན་པར་བྱ།། བསམས་ཏེ་ཡང་དག་ཇི་བཞིན་ཚུལ་བཞིན་གན་པར་། དེ་ནས་བདེ་གཤེགས
44a7 རྣམས་ཀྱི་བྱང་ཆུབ་ཆགས་མེད་འགྲུབ།། ཡོན་ཏན་འདི་དག་རྟོགས་པས་འཕགས་པའི་རིགས་ལ་བསྟེན།། རང་གིས་འདིར་ནི་ཀུན་ཏུ་ཤེས་པ་བསྐྱེད་པར་བྱ།། བསྟན་པ་ཡོན་ཏན་སྙིང་པོ་འདི་འདྲ་མ་སྤངས
iiif viewer powered by OpenSeadragon
43b - 44b