| | e-texts navigator
|
40b1 འོད་གསལ་མ་ལགས།། ཆུ་ཤེལ་ནོར་བུ་གློག་གི་འོད་ཀྱང་མཛེས་མ་ལགས།། འགྲོ་བའི་དོན་དུ་ཡིད་དུ་མཆི་བའི་གཟུགས་ཀྱང་སྟོན།། ཆུ་ཟླ་འདྲ་ཞིང་སྒྱུམ་འདྲ་བར་གདའ་བ་ལགས།། རང་གི་ཕྱོགས་ནས།
40b2 ཀུན་ཏུ་རྒྱལ་བའི་སྐུ་ཡང་གདའི།། བདེ་གཤེགས་རྣམས་ཀྱི་སྐུ་ཡི་ཚད་ནི་གདའམ་ལགས།། ཁྱོད་ནི་དགའ་ལྡན་འགའ་ཞིག་ན་ཡང་བཞུགས་པར་གདའི།། འཆི་འཕོ་མཛད་ཅིང་རབ་དཀར་གླང་པོར་གྱུར་ནས།
40b3 ནི།། དཔའ་བོ་ཡུམ་གྱི་ལྷུམས་སུ་གཤེགས་པར་གདའ་བར་མཛད།། ཐུབ་ཆེན་ནམ་མཁའ་ལྟ་བུར་ཐམས་ཅད་རྗེས་སུ་ཞུགས།། བཅོམ་ལྡན་ཕྱོགས་འགར་བལྟམ་པར་སྟོན་པའང་མཛད་པ་སྟེ།། ས་འགའ
40b4 དྲག་ཏུ་གོམ་པ་བདུན་འདིར་གདའ་བ་མཛད།། ང་ནི་ལྷ་མིར་བཅས་འགྲོ་ནང་གཙོ་ཤིན་ཏུ་ལྷ།། འགྲོ་བ་སྡུག་བསྔལ་མཚོ་ལས་གདོན་ཅེས་གསུང་ཡང་བྱུང་།། ཐུབ་ཁྱོད་ཆོས་གང་ལ་ཡང་ཐེ་ཙོམ་མི་མངའ་ཡང་།
40b5 ཡི་གེ་ཤེས་པ་སློབ་ལྟར་འཇིག་རྟེན་དག་ན་གདའ།། བསམ་གཏན་ཏིང་འཛིན་སྤྱོད་ཡུལ་ཞི་བ་བརྙེས་གྱུར་ཀྱང་།། ཁ་ཅིག་ཏུ་ནི་བུད་མེད་རང་ན་བཞུགས་པར་དགའ།། ཡབ་དང་ཡུམ་དང་སྲས་དང་བུད་མེད་རྣམས
40b6 ཀྱང་བཏང་།། གཉེན་རྣམས་མྱ་ངན་ནོན་ཏེ་རྣམ་པར་བརྒྱལ་ཞིང་དུ།། སེམས་ཅན་དམ་པ་བྱེ་བ་བརྒྱ་ལྷས་ཡོངས་བསྐོར་ནས།། ནགས་གནས་གཅིག་པོ་འབྱུང་བར་གདའ་བའང་མཛད།། ཁྱོད་ནི་བདུད་པ་ནི
40b7 ཕམ་པར་མཛད་ནས་ཡུན་རིང་ཡང་།། ཞིང་ན་བདུད་འདུལ་བར་ཡང་གདའ་བ་སྟོན་པར་མཛད།། སྔོན་ཆད་འཁོར་ལོ་བསམ་གྱིས་མི་ཁྱབ་ཡོངས་བསྐོར་ཀྱང་།། ཁྱོད་ནི་ཐུགས་རྗེས་འཁོར་ལོ་བསྐོར་བར་གདའ་བ
iiif viewer powered by OpenSeadragon
40a - 41a