| | e-texts navigator
|
39b1 བདེ་བར་གཤེགས་རྣམས་འཁོར་དུ་རྟག་པར་སྒྲོགས།། རིམས་ནང་བྲལ་ཞིང་འགྲོ་བཐར་མཛད་པ།། མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ།། བཅོམ་ལྡན་དབང་པོ་ཞི་བ་ཞིང་གྱེས་པ།། མི་མཆོག་དམ་པ་ཁྱོད།
39b2 ལ་ཕྱག་འཚལ་ལོ།། བདག་གིས་རྒྱལ་བ་ཁྱོད་ཀྱི་གསུང་ཐོས་ནས།། མངོན་པར་ཤེས་པ་ལྔ་ཐོབ་མཁས་ལ་གནས།། དཔའ་བོ་བདེ་གཤེགས་མཚུངས་པར་བདག་འགྱུར་ཏེ།། དྲི་མེད་ཆོས་ནི་འགྲོལ་རྣམ་པར་དུཿ།
39b3 ལྷ་དང་མི་དང་ཀླུས་མཆོད་བདེ་བར་གཤེགས།། ཡོན་ཏན་ཀུན་གྱི་མཐར་ཕྱིན་དེང་བསྟོན་པས།། བསོད་ནམས་རྒྱ་ཆེན་གང་བསྒྲུབས་གྱུར་པ་འདིས།། འགྲོ་བ་སངས་རྒྱས་གོ་འཕང་ཐོབ་པར་ཤོག། ཡུལ་འཁོར
39b4 སྐྱོང་དེ་ནས་མཚན་མོ་དེའི་ནམ་ནངས་པ་དང་།། རྒྱལ་པོ་འོད་ཟེར་ལྡན་གྱིས་གཞོན་ནུའི་བུད་མེད་ཀྱི་འཁོར་ངུ་བའི་སྒྲ་ཐོས་སོ།། ཐོས་ནས་ཀྱང་མྱུར་བ་མྱུར་བར་རིངས་པའི་གཟུགས་ཀྱིས་གྲོང་ཁྱེར་དགའ་མཆོག་གལ
39b5 བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅིའི་ཕྱིར་ངུ། དེ་དག་གིས་སྨྲས་པ། རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་མི་གདའ་བའི་སླད་དུའོ།། ཡུལ་འཁོར་སྐྱོང་དེ་ནས་རྒྱལ་པོ་འོད་ཟེར་ལྡན་གནོན།
39b6 ནུའི་ཕྱིར། ཤིང་བཅད་པ་སྒྱེལ་བ་ལྟར་ས་ལ་འགྱེལ་ཏེ། ལངས་ནས་ངུ་ཞིང་གྲོང་ཁྱེར་དེར་ལན་སྟོང་དུ་ཡོངས་སུ་བཙལ་ཏོ།། ཡུལ་འཁོར་སྐྱོང་དེ་ནས་གྲོང་ཁྱེར་གྱི་ལྷ་གང་ཡིན་པ་དེས། རྒྱལ་པོ་འོད་ཟེར་ལྡན་ལ
39b7 འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་གཞོན་ནུ་ནི་དེ་བཞིན་གཤེགས་པ་དོན་གྲུབ་བློ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བའི་ཕྱིར། ཤར་ཕྱོགས་ལོགས་སུ་སོང་ངོ་།། ཡུལ
iiif viewer powered by OpenSeadragon
39a - 40a