| | e-texts navigator
|
409b1 རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་ཐབས་ཅི་གོ།། དེའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་བྱ་ཀྱིལ་འཁོར་འདུས་པ་དེ་རྙེ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེར་བ་འང
409b2 བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་སངས་རྒྱས་ཀྱི་མཐུས་ཀུན་ལས་འཛུ།
409b3 བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་རྟུལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ནིང་འཇིག
409b4 རྟེན་གྱི་ཁམས་བདེ་བ་ཅན་གྱི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བསྐལ་པ་ད་ནི། བཅོམ་ལྡན་འདས་དེ་བཞིན་གཤེག་པ་མི་འཁྲུག་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི
409b5 ཁམས་མངོན་པར་དགའ་བའི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དགྲ་གང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བའི་བསྐལ་པ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུན་པའི
409b6 སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དུར་སྨྲིག་གི་རྒྱལ་མཚན་གྱི་ཉིན་གཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་དྲར་སྨྲིག་གི་རྒྱལ་མཚན་གྱི་བསྐལ་པ་དེ་ནི། བཅོམ་ལྡན་འདས
409b7 དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་པདྨོ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི་འཁོར་ལོ་དབྱངས་ཀྱི་ཉིན་ཞག་གཅིག་གོ།། ཀྱེ་རྒྱལ་བའི་སྲས
iiif viewer powered by OpenSeadragon
409a - 410a