| | e-texts navigator
|
409a1 པ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ།། ཀུན་དགའ་བོ་བས་ན་རྣམ་གྲངས་ཁོ་རས་ཁྱོད་ཀྱིས་འདི་ལྟར་དག་པར།
409a2 བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས
409a3 སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེར་དང་། སྡིག་པའི་གྲོགས་པོ་དང་། རིག་པའི་སྟན་འདི་ནི་དེ་ལྟ་མ་ཡིན་རོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
409a4 བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དགེ་པའི་བཤེས་གཉེན་བསྟན་པའི་མདོ་རྫོགས་སོ།། །
409a5 རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏཱ་ན་མ་བུདྡྷ་ཀྵེ་ཏྲ་གུ་ཎོ་ཀྟ་དྷརྨཨཱ་རྱཱ་ཡ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣ།
409a6 གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མཉམ་དཀའ་ནཱ། ཆོས་ཀྱི་དགོན་པ་བྱང་ཆུབ
409a7 སྙིང་པོ་ན། ནོར་བུ་རྡོ་རྗེས་སྦས་པའི་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་པ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ།
iiif viewer powered by OpenSeadragon
408b - 409b