e-texts navigator
Collection
Volume
Page
Wylie

292b1 ཞེ་ན། འདི་ལྟ་སྟེ། དབང་པོ་མཚངས་པ་མེད་པས། ལུས་དང་ངག་དང་། སེམས་ལ་དབང་བ་ཐོབ་པ་དང་། དགྲ་ཐམས་ཅད་ཀྱིས་མི་བརྫི་བས་ལོངས་སྤྱོད་དང་། དབང་ཕྱུག་པ་དབང་བཅུ་ཆེར།
292b2 པོ་ཐོབ་པ་དང་བསོད་ནམས་ཀྱི་དབང་གིས་དེའི་སེམས་ལོངས་སྤྱོད་པ་དང་། ཡོངས་སུ་སྟོན་པ་རྒྱ་ཆེན་པོ་ཐམས་ཅད་ལ་འགྲོ་བ་དང་། དགའ་བ་མཆོག་ཐོབ་པས། རྒྱལ་པོ་དང་། དབང་པོས
292b3 མཆོད་པ་དང་། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་དེ་ལས་སྟོང་ཕྲག་བརྒྱ་འགྱུར་དུ་ཁྱད་པར་འགྱུར་བ་ཐོབ་པ་སྟེ། ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་དབང་པོ
292b4 ལྔ་པོ་དེ་དག་ཐོབ་བོ།། བརྣབ་སེམས་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེ་དག་པའི་རྩ་བ་དེས་འཇིག་རྟེན་གསུམ་གྱིས་མཆོད་པའི་དེ་བཞིན
292b5 གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ།། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི། ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་ཐོབ་བོ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེའི་སེམས་རྣམ
292b6 པར་མི་འཚེ་བ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་གནོད་སེམས་རབ་ཏུ་ཞི་བ་ལ་འགྱུར་བ་དང་། དེའི་སེམས་རྩོད་པ་མེད་ཅིང་། འཐབ་པ་མེད་པ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་དྲང་ནིང
292b7 མཉེན་ལ་ངེས་པ་ལ་འགྲོ་བར་འགྱུར་བ་དང་། འཕགས་པའི་སྐྱེ་བོར་གྲགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བར་དགའ་ཞིང་། བྱམས་པའི་སེམས་ཕན་པའི་དངོས་པོ་ལ་དགེའ




iiif viewer powered by OpenSeadragon

292a - 293a

Texts on this page

Ty033-003 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo