| | e-texts navigator
|
292a1 སུ་དག་པ་བརྒྱད་ཐོབ་བོ།། བརྒྱད་གང་ཞེ་ན། འདི་ལྟསྟེ། ཚིག་རན་པ་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང
292a2 མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་སྤད་བའི་ཚིག་ཡིན་ཏེ། ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་དག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་ཐོབ་པོ།
292a3 ཚིག་རྩུབ་པོ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཚངས་པའི་སྒྲ་སྐད་བསྒྲགས་པའི་དབྱངས་སུ
292a4 འགྱུར་རོ།། ཀླུའི་བདག་པོ་ཚིག་བཀྱིལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་ཐོབ་བོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། ཚིག་རན་པས་མཁས་པ་རྣམས་གཅིག་ཏུ་བ་ག་ཡ་དང་།
292a5 ལན་ལེགས་པར་ཐོན་པས་གཅིག་ཏུ་ངེས་པར་དེའི་གྲོ་བདེན་བྲ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པར་མཛའ་བས་གཅིག་ཏུ་ངེས་པར་ལྷ་དང་། མིའི་ཆེ་བ་ཉིང་ཐོབ་པ་ཡིན་ཏེ། ཀུའི་བདག་པོ་ཚིག་བཀུ
292a6 པ་སྤངས་པའི་སྐྱེས་བུ་གང་ཟག་རི་གཅིག་ཏུ་ངེས་པ་གསུམ་པོ་དེ་དག་ཐོབ་བོ།། ཚིག་བཀྱིལ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེ་དག།
292a7 བའི་རྩ་བ་དེས་ཕྱེད་པར་ལུང་སྟོན་ཅིང་། གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི། དབང་པོ་ལྔ་ཐོབ་བོ།། ལྔ་གང
iiif viewer powered by OpenSeadragon
291b - 292b