| | e-texts navigator
|
288b1 སུ་བྱས་པ་དག་སྟེ། འདི་ལ་བྱེད་པ་པོ་གང་ཡང་མེད་དོ།། ཀླུའི་བདག་པོ་འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་མཚན་ཉིད་ཀྱི་བོ་ཉིད་དོ།། ཀྭའི་བདག་པོ་དེ་ལ།
288b2 བྱང་ཆུབ་སེམས་དཔའ་མཁས་པས། ཆོས་ཐམས་ཅད་བསྒྲུབས་པས་གནས་པའི་མཚན་ཉིད་དུ་ཤེས་རས། དགེ་བའི་ལས་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱའོ།། དེ་དགེ་བའི་ལས
288b3 མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་ན་བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་དག་མངོན་པར་འགྲུབ་པ་དེ་དག
288b4 མཛེས་ཤིང་བལྟན་སྡུག་ལ་གཟུགས་བཟང་བདག་ཏུ་མངོན་པར་འགྲུབ་བོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལས་སྐྱེས་པ། མཚན་རྣམས
288b5 ཀྱིས་ཇི་སྐར་བརྒྱན་པ་དང་། ཇི་ལྟར་བསྒྲུབས་པ་དང་། དཔལ་གྱིས་ལྔ་དང་མིར་བཅས་པའི་འཇིག་རྟེན་རིལ་གྱིས་མངན་རས། མ་ཆགས་པར་བཞུགས་ཏེ། གང་རབརྒྱ་སྟོང་ཕྲག་བཅུ་ལ་དབང
288b6 བྱུར་བའི་ཚངས་པ་ཆེན་པོ་འདི་དག་མོག་མོག་པོར་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་ལ་ཝཱ་ནའང་མིག་ཟེ་ཟོ་བོར་གྱུལ་པ་ལ་ཞེས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འདི་དག་གཟུགས་དང་།
288b7 རིང་ལུམ་དང་། རྒྱན་རྣམས་ལ་ལྟོས། ཀླུའི་བདག་པོ་དེ་དག་ཐམས་ཅད་ནི་དགེ་པའི་ལས་མངོན་པར་འདྲ་བྱ་བ་རྣམས་ཀྱིས་མངོན་པར་འདུས་བྱས་པ་བརྒྱན་པར་བསྒྲུབས་པའོ།། ཀླུའི་བདག
iiif viewer powered by OpenSeadragon
288a - 289a