| | e-texts navigator
|
288a1 དཔའ་ཆེན་པོ། ཕྱོགས་བཅུ་འཇིགན་གྱི་ཁམས་ནས་འདུམ་པ་དོན་པ་ཤེས་པ། མངོན་དང་ཤེས་པ་ཡང་བ་དང་། སཀྱ་དང་། རས་པ་དང་། ཇིག
288a2 བྷ་དང་། ཀྵ་དང་། གནོད་སྦྱིརན་དང་། དྲི་བ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྷོ་ཕྱེ་ཆེན་པོ་བྱེ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ཐབས་གཙུག་ཏུ་བཞུགས།
288a3 དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡར་པའི་འཁོར་དེ་འདུས་པར་མཁྱེན་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་བྲལ་བ། ཀླུའི་བདག་པོ་ཀྱི་ལ་འཇིག་རྟེན་གནས་པ་འདི་ནི་ལས་རྣམ་པ་སྣ་ཚོགས
288a4 ཀྱིས་བསྐྱོད་ནས། སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དེ། དེའི་འགྲོ་བ་ཡང་སྣ་ཚོགས་སུ་གྱུར་ཏོ།། ཀླུའི་བདག་པོ་འཁོར་འདི་དང
288a5 རྒྱ་མཚོ་ཆེན་པོ་འདི་ན་རྣམ་པ་སྣ་ཚོགས་ཇི་སྙེད་པ་དང་། གཟུགས་ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས། ཀླུའི་བདག་པོ་འདི་དག་ཐམས་ཅད་ནི་རང་རང་གི་སེམས་དང་། ལུས་དང་ངག་དང་། ཡིད
288a6 ཀྱི་ལས་དགེ་བ་དང་། མི་དགེ་བ་སྣ་ཚོགས་སུ་བྱས་པས། སྣ་ཚོགས་སུ་གྱུར་པ་དག་གོ།། སེམས་ནི་གཟུགས་མེད་པས། བསྟན་དུ་མེད་པ། གཟུང་དུ་མེད་པའོ།། ཀླུའི་བདག་པོ་འདི་ལྟར་ཆོས
288a7 ཐམས་ཅད་ནི་མ་བཅོས། མ་བསྒྲུབས་པར་གནས་པའི་མཚན་ཉིད་དེ། བདག་པོ་མེད་པ་བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པའོ།། དེ་དག་ནི་ལས་ཇི་ལྟར་བསགས་པས་བསྒྲུབས་པ་སྣ་ཚོགས
iiif viewer powered by OpenSeadragon
287b - 288b