| | e-texts navigator
|
284b1 ཀྱིས་ཆོས་རྣམས་ཀྱི་མཚན་ཉིད་གང་ལགས་པ་དེ། བུད་མེད་དང་། སྐྱེས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལགས་ལ། ཅི་ཆོས་དེ་དག་ཀྱང་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས
284b2 ཏེ། དེའི་སླད་དུ་འདི་ལྟར་བདག་ནི་སྐྱེད་པར་མི་བགྱིད། ཁས་ལེན་པར་ཡང་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིར་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞིན་ནོ།། བུ་མོ་རིན་ཆེན་གྱིས
284b3 གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མ་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་གོ་ཅ་ཡང་བདག་གིས་བགོས། དེ་དག་ཀྱང་གཏན་དུ་བདག
284b4 གིས་མ་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞིན་ནོ།། བུ་མོ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ
284b5 ཡང་། ཆོས་ཀྱི་འདུ་ཤེས་མི་སྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཡང་སེམས་ཅན་གྱི་འདུ་ཤེས་མི་སྐྱེད། ཆོས་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་རྣམ་པར་མི་རྟོག་སྟེ། སངས་རྒྱས
284b6 ཀྱི་ཆོས་རྣམས་ཀྱི་ཁོངས་སུ་ཡང་ཆོས་ཐམས་ཅད་འདུས་པར་ཡང་དག་པར་མཐོང་ལ། དེ་དག་གིས་ཁོངས་སུ་ཡང་མ་ཞེན་པར་ཡང་དག་པར་མཐོང་ན། བཅོམ་ལྡན་འདས་བདག་དེ་ལྟར་བརྩོན་ར། ཅི་དམ་པའི་ཆོས
284b7 འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱོད་དེ་ལྟར་བསྒྲུབ་ན། དམ་པའི་ཆོས་འཛིན་པ་ཡང་དག་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ
iiif viewer powered by OpenSeadragon
284a - 285a