| | e-texts navigator
|
284a1 པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་དབང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ
284a2 ལ་ཆོས་གང་ཡང་སྐྱེད་པར་ཡང་མི་བགྱིད། འགག་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་རྒྱལ་པོ་བཟང་གིས་གསོལ
284a3 པ། བཅོམ་ལྡན་འདས་གང་སེམས་ཅན་ཐམས་ཅད་སེམས་ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞིང་ཐམས་ཅད་ཞིང་མཉམ་པ་དང་། སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པར
284a4 རྗེས་སུ་སོང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཅི་ཡང་མི་སེམས
284a5 ཤིང་སྤྲོས་པར་མི་བགྱིད་དེ། མཚན་མར་བགྱིད་མིན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ཏེ། དེ་ནི་དེ་བཞིན་ནོ།། སྲིང་མོ་ཨུཏྤ་ལས་གསོལ་པ།
284a6 བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས་པར་འཚལ། འོན་ཀྱང་བདག་མངོན་པར་རྫོགས་པར་འཚང་མི་རྒྱན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ
284a7 པ། སྲིང་མོ་དེ་ནི་དེ་བཞིན་ནོ།། བུ་མོ་མུ་ཏིག་འཕྲེང་གིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བུད་མེད་ཀྱི་ཆོས་རྣམས་ཀྱང་མ་དམིགས། སྐྱེས་པའི་ཆོས་རྣམས་ཀྱང་མ་དམིགས་ཏེ། སངས་རྒྱས
iiif viewer powered by OpenSeadragon
283b - 284b