| | e-texts navigator
|
259a1 མཚན་ཉིད་དེ་ལྟ་བུ་ཡིན་ན། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་ལུས་དང་སེམས་ཀྱིས་མངོན་པར་རྫོགས
259a2 པར་འཚང་རྒྱ་བར་མི་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་ལུས་དང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལགས་ཏེ་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ།།
259a3 སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། སྨྲས་པ་བདག་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི
259a4 འགྱུར་ལགས་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཉིད་བྱང་ཆུབ་ཡིན་ན། ཅི་ཆོས་ཀྱི་འཁོར་ལོ་བསྐོར་རམ། སྨྲས་པ། བདག་ནི་ཆོས་ཀྱི་འཁོར་ལོ་བསྐོར་ལ་གནས་སོ།། སྨྲས་པ། ཁྱོད
259a5 ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཇི་ལྟ་བུ་ཞིག། སྨྲས་པ། འཁོར་ལོ་ད་ནི་རྟེན་ཐམས་ཅད་དང་བྲལ་བའི་སླད་དུ་མི་གཡོ་བ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་ཚུལ
259a6 གྱིས་གནས་པ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་བྲལ་བ་མ་མཆིས་པའི་ཚུལ་གྱིས་དེ་བཞིན་ཉིད་ལགས་སོ།། འཁོར་ལོ་ད་ནི་ཡང་དག་པའི་མཐའ་ལ་གནས་པས་མི་གནས་པ་ལགས་སོ།།
259a7 འཁོར་ལོ་དེ་ནི་གནས་ཐམས་ཅད་ལས་བྱུང་བ་མ་ལགས་པས་གནས་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས། གཉིས་སུ་མ་མཆིས་པ་ལགས
iiif viewer powered by OpenSeadragon
258b - 259b