| | e-texts navigator
|
252b1 ཀྱང་། སྲོག་ཆགས་འབུམ་ཕྲག་བཞི་དག་བྱང་ཆུབ་མཆོག་ལ་ཞུགས་པར་གྱུར།། ལེགས་པར་ཡོན་ཏན་འཆང་བ་རྣམས་ཀྱི་བསམ་པའི་ཁྱད་པར་གྱིས།། སྟོང་གསུམ་རབ་གཡོས་ལྷས་ཀྱང
252b2 མེ་ཏོག་ཆར་ནི་རབ་ཏུ་ཕབ། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ་བྱེད་པ་པོ་མ
252b3 མཆིས་པ་ལགས་ན།། ལུང་བསྟར་བ་ནི་གང་ལགས། དེ་བཞིན་གཤེགས་པ་ནི་གང་ལགས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
252b4 ཀླུའི་བདག་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བདག་མེད་པ་བྱེད་པ་པོ་མེད་པ་ཡིད་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་དང་།
252b5 ངར་འཛིན་པ་དང་། ང་ཡིར་འཛིན་པ་གནས་པ་རྣམས་སེམས་ཅན་མེད་པ་དག་ལ་སེམས་ཅན་དུ་འདུ་ཤེས་སྐྱེད་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས།
252b6 ཕྱིན་ཅི་ལོག་གི་འདུ་ཤེས་སྤོང་དུ་གཞུག་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་གོ་ཆ་གྱོན་པར་ཟད་ཀྱི། སྐྱེས་བུ་དམ་པ་དེ་དག་གིས་སེམས
252b7 ཅན་མེད་པ་དང་། གང་ཟག་མེད་པ་མི་ཤེས་པ་ནི་མ་ཡིན་ཏེ། བདག་དང་། སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་བུ་དང་གང་ཟག་ཏུ་ལྟ་བའི་སེམས་ཅན་དེ་དག་ཡོངས་སུ་གྲོལ་བར་བྱེད་དོ།།
iiif viewer powered by OpenSeadragon
252a - 253a