| | e-texts navigator
|
237b1 ཀླུའི་རྒྱལ་པོ་མ་རྡོས་པ་ཡང་འཁོར་བྱེ་བ་ཕྲག་རྒྱ་དང་ནམ་མཁའི་དཀྱིལ་ནུ་འཁོར་དེ། མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་།
237b2 བ་དན་ཐམས་ཅད་དང་། སིལ་སྙན་དང་། ཀླུ་དབྱངས་དང་། ཕེག་རྡོབ་པ་དང་། ལྷའི་བཀོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱེད་དེ། དེ་ལ་སོགས་པ་ཀླུའི་རྒྱལ་པོ
237b3 དྲུག་ཁྲི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་པ་ལ་ཞུགས་སོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེར་གྱི་ཁམས་བདེ་བ་ཅན་ནས་ཀྱང་། བྱང་ཆུབ
237b4 སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའི་འཁོར་མང་པོ་བྱེ་བ་ཁྲག་ཁྲི་ཕྲག་འབུམ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ།
237b5 བ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷགས་སོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་བཀོད་པ་སྔ་མ་གང་ཡིན་པ་དེ་མོག་མོག་པོ་བྱེད་ཅིང་། མི་མངོན་པར
237b6 བྱེད་པ་དེ་ལྟ་བུའི་མཆོད་པ་བྱས་སོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟོད་དཀའ་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་གཟེར་ཅན་ནས་ཀྱང་། བྱང་ཆུབ་སེམས
237b7 དཔའ་འོད་ཀྱི་ཏོག་དང་། འོད་ཀྱི་དཔལ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིར་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་དགའ་ནས་ཀྱང
iiif viewer powered by OpenSeadragon
237a - 238a