| | e-texts navigator
|
175b1 ཐོས་པ་ཚལ་བས་ཆོག་མ་འཆལ་བ་དང་། ཐོས་པ་བསྒྲུབ་པས་མངོན་པར་འཕགས་པ་ལགས། བཅོམ་ལྡན་འདས་ཇི་ལྟརན་བྱང་ཆུབ་སེམས་དཔའ་རམ་རབ་ཏུ་འབྱུང་བ་ལ་མོས་པ
175b2 དང་ནགས་དང་ནགས་པ་དབ་ན་ཆུབ་དང་། འཕགས་པའི་རིགས་དང་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྲུངས་པ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བའི་དོན་ཏན་རྣམས་ཡོངས་སུ
175b3 རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཇི་ལར་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། ཆད་པ་དང་རྟག་པར་ལྟ་བ་ཡོངས་སུ་སངས་པ
175b4 དང་རྒྱུ་དང་རྐྱེན་གྱི་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་བྲལ་བ་ལགས་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི
175b5 ཡེ་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེ་བ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ལགས་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི
175b6 སྤྱོད་པ་དང་བསམ་པ་དང་། ཆོ་ག་འཚལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང་གཟུང་བ་དང་།
175b7 ཀློག་པ་དང་བརྡ་སྤྲོད་པ་ལ་མཁས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སྐྲག་པ་དང
iiif viewer powered by OpenSeadragon
175a - 176a