| | e-texts navigator
|
437a1 དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་།། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་ལ་སོགས་པ།
437a2 ལྷའི་བུ་རྣམས་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་བཞི
437a3 བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་རྗེ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་བརྒྱ
437a4 ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྩ་གར་སྐད་དུ། ཨཱརྱ་ཙ་ཏུ་ར་དྷ་མ་ཀན་ནཱ་མཎྜ་ཡཱན་སཱུཏྲ།
437a5 སྐར་དུ་འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
437a6 འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན
437a7 དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས
iiif viewer powered by OpenSeadragon
436b - 437b