| | e-texts navigator
|
434b1 སངས་རྒྱས་ཐམས་ཅད་ཀྱི་མཛོད་ཀྱང་བཟུང་བར་འགྱུར་རོ།། རིགས་ཀྱི་བུ་དག་ཆོས་ཀྱི་རྣམས་བླངས་འདི་ནི་སེམས་ཅན་རྣམས་ཀྱི་རྒྱུ་ལམ་དུ་ཟག་པར་མི་འགྱུར་རོ།། གང་དག
434b2 མིའི་སྐྱེ་གནས་ནས་ཤི་འཕོས་ཏེ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བ་དེ་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཟག་པར་འགྱུར་རོ།། རབ་འབྱོར་གང་གིས
434b3 སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པ་དེའི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲག་པར་འགྱུར་རོ།། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི
434b4 རྣམ་གྲངས་རདྲི་ཐོས་ནས་དང་དམ་འཆུང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་རམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེའི་ལག་ཏུ
434b5 བྱང་ཆུབ་སོང་ངོ་ཞེས་བཤད་དོ།། དེས་མིག་ལྔ་ཐོབ་པར་འགྱུར། དབང་པོ་མཚང་བར་མི་འགྱུར། དྲན་པ་བརྗེད་པ་མེད་པར་འཆི་བའི་དུསྲ་བྱེད་པར་འགྱུར། སངས
434b6 རྒྱས་ཐམས་ཅད་སྒྲུབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར།། རྣམ་པར་སྣང་མཛད་རྣམ་པར་སྤྲུལ་པའི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྙིང་པོའི་ཏིང་ངེ་འཛིན་དང་། གཙུག
434b7 གི་ནོར་བུའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་དབང་བསྐུར་བའི་ཏིང་ངེ་འཛིན་དང་། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར། ཡི་གེ་མེད་པའི
iiif viewer powered by OpenSeadragon
434a - 435a