e-texts navigator
Collection
Volume
Page
Wylie

424b1 འཕེལ་བ་ཡང་མི་དམིགས་སོ།། དྲང་སྲོང་ཆེན་པོས་གསོལ་པ། གོའུ་ཉམས་ཉོན་མོངས་པ་འགྲིབ་པར་མཛད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང
424b2 ཆེན་པོ་ངས་ཕྱིན་ཅིག་ལོག་དག་བཟློག་པ་གང་ཡང་མེད། འགྲིབ་པར་བྱས་པ་ཡང་མེད་དོ།། དྲང་སྲོང་ཆེན་པོས་གསོལ་པ་གལ་ཏེ་དེ་ལྟར་ན་ཁྱོད་ཀྱང་དབང་སྒྱུར་མ་ལགས
424b3 སོབཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། མ་བྱུང་བའི་ཕྱིར་ང་ཡང་དབང་སྒྱུར་མ་ཡིན་ནོ།། དྲང་སྲོང་ཆེན་པོས་གསོལ་པ
424b4 གོའུ་ཏ་མ་བཀའ་མཆིད་འདི་རེ་ཤིག་ཞོག། གོའུ་ཏ་མའི་སྲས་ཀྱི་ས་ཕ་མ་འགྲོགས་པ་ལས་སེམས་ཅན་སྐྱེའོ་ཞེས་གསུངས་ནས། སེམས་ཅན་མང་དུ་འགྲོགས
424b5 ལས་སེམས་ཅན་སྐྱེ་བ་ཉུང་བར་གྱུར་པ་འད་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལ་དཔེ་བསྟན་པར་བྱའོ།། དྲང་སྲོང་ཆེན་པོ་འདི་ལྟ་དཔེར་ན། ས་བོན
424b6 གཅིག་ལས་ཤིང་སྐྱོ་བར་འགྱུར་ཏེ། འབྲས་བུ་གཅིག་ལས་ཀྱང་འབྲས་བུ་མཐའ་ཡས་པར་འགྱུར་རོ།། དེ་ལས་རེས་འགའ་ནི་གཅིག་ས་བོན་གྱི་འོས་སུ་འགྱུར་གྱི་ལྕུག་མ་ས་ངོན།
424b7 གྱིས་འོས་སུ་མི་འགྱུར་བ་དེ་ཇི་ལྟ་བུ་དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གོའུ་ཏ་མ་རླུང་དང་ཉི་མས་ཤིང་ཏོག་རྣམས་མ་རུངས་པར་གྱིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ




iiif viewer powered by OpenSeadragon

424a - 425a

Texts on this page

Ty032-012 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo