| | e-texts navigator
|
422b1 བདག་དཀའ་ཐུབ་ཅན་མིན་གྱུར།། ཉམ་ཆུང་ལུས་ལ་པགས་པ་ཙམ་ཞིག་ལས།། བདག་འཁོགས་བདག་སྐམས་བདེ་བ་རྣམས་ལས་ཉམས།། བདག་ཅག་རྫུ་འཕྲུལ་ཐོབ
422b2 བར་གྱུར་མ་ཡིན།། ཡི་གེ་མ་མཆིས་རྫུ་འཕྲུལ་སུམ་རྣམས་ཀྱིས།། བསྟན་པའི་དགྲ་རྣམས་མོག་མོག་གྱུར་པ་མཛད།། བསྟན་པའི་འདྲེན་པ་ཁྱོད་ཀྱིས་དེ་རིང་ནི། སངས
422b3 རྒྱས་སྲས་ལ་དུས་སྟོན་ཆེན་པོ་མཛད།། འཁོར་འདི་ཐམས་ཅད་ཐེ་ཙོམ་འཚལ་བར་གྱུར།། དགའ་བ་སྐྱེས་ཤིང་སེམས་ཀྱང་རབ་དགའ་སྟེ།། གང་ཞིག་གནས་ནས་ལ་ཚོགས
422b4 བདག་ཅག་ཀྱང་།། འཇིག་རྟེན་མགོན་པོ་སངས་རྒྱས་གྱུར་ཅིག་མཆིས་འཇམ་དབྱངས་སངས་རྒྱས་མང་པོ་བསྙེན་བཀུར་བགྱིས།། སངས་རྒྱས་སྲས་པོ་མཐའ་ཡས་རྣམས
422b5 ཀྱིས་བསྐོར།། འཇམ་པའི་དབྱངས་ནི་འཁོར་གྱི་ནང་ན་མཆིས།། ཆོའཕྲུལ་རྣམ་པ་ཕྱེ་སྟེ་བསྟན་དུ་གསོལ།། འདི་དག་ཆོས་ནི་གང་གི་ལྟས་ཤིག་ལགས།། ཐུབ་པ་ཆོས་ནི་གླེང
422b6 ཞིག་གསུང་བར་བཞེད།། འཁོར་འདི་ཐམས་ཅད་འགྱོད་ཅིང་མཆིས་ལགས་ན། སེམས་ཅན་ཐུགས་བརྩེ་སླད་དུ་བདག་ལ་གསུངས།། དེ་ནས་སངས་རྒྱས་ཀྱིས
422b7 བྱིན་གྱིས་བརླབས་ཀྱིས།། འཁོར་དེ་ནི་ནང་ནས། དྲང་སྲོང་ཆེན་པོ་མེ་སྒྲོན་ཞེས་བྱ་བ་གཅིག་གིས། བྱང་ཆུབ་སེམས་དཔའི་རྒྱལ་བའི་ཕུང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ
iiif viewer powered by OpenSeadragon
422a - 423a